ཀྲུང་གོ་བོད་ཀྱི་དྲ་བ།

ནི་ཀྲེ་རི་ཡའི་དམངས་དཔུང་གིས་ཐལ་སྐྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་བཅུ་བདུན་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནི་ཀྲེ་རི་ཡས་དམག་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ནི་ཀྲེ་རི་ཡའི་དམག་དཔུང་གིས་ཚེས་བདུན་ཉིན་རྒྱལ་ཁབ་དེའི་ཤར་བྱང་རྒྱུད་ནས་ཉུང་མཐར་ཡང་ཐལ་སྐྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་བཅུ་བདུན་བསད་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། ནི་ཀྲེ་རི་ཡའི་དམག་དཔུང་གིས་ཚེས་བདུན་ཉིན་ཤར་བྱང་རྒྱུད་པོ་ཨེར་ནའོ་མངའ་སྡེ་ནས་ཐལ་སྐྱོད་རྩ་འཛུགས་པོ་ཁི་ཧྲིན་ཏེ་ཡི་དྲག་ཆས་མི་སྣ་བར་འཁྲུག་འཛིང་བྱུང་ནས། ཉུང་མཐར་ཡང་དྲག་ཆས་མི་སྣ་བཅུ་བདུན་བསད། དམག་མི་གཉིས་འཁྲུག་འཛིང་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་ལ་རྨས་ཕོག་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།