ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་ལྔ་ཁྲི་བརྒྱད་སྟོང་གསུམ་བརྒྱད་བརྒྱ་གོ་གསུམ་ལ་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བརྒྱད་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་གཏན་འཁེལ་བྱས་པའི་ནད་པ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་ལྔ་ཁྲི་བརྒྱད་སྟོང་གསུམ་བརྒྱད་བརྒྱ་གོ་གསུམ་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས་བརྒྱད་ཉིན་གྱི་ཆུ་ཚོད་བཅུ་པའི་བར་དུ། (པེ་ཅིང་གི་དུས་ཚོད་ཆུ་ཚོད་བཅུ་དྲུག་པ)ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་གསར་པ་གཏན་འཁེལ་བྱས་པའི་ནད་པ་དེ་ཉིན་སྔོན་མ་དང་བསྡུར་ན་འབུམ་གཅིག་དང་ཁྲི་དྲུག་སྟོང་བརྒྱད་དགུ་བརྒྱ་སོ་དྲུག་གིས་ཇེ་མང་དུ་ཕྱིན་ནས། ད་ཡོད་ནད་པ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་ལྔ་ཁྲི་བརྒྱད་སྟོང་གསུམ་བརྒྱད་བརྒྱ་གོ་གསུམ་ལ་སླེབས་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་གསར་གློ་ཚད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིན་སྔོན་མ་ལས་སྟོང་བཞི་བརྒྱ་དང་ཞེ་བདུན་ཇེ་མང་དུ་སོང་ནས་་ནད་པའི་ཁ་གྲངས་འབུམ་ལྔ་དང་ཁྲི་གསུམ་སྟོང་ལྔ་ཉིས་བརྒྱ་དང་ང་བརྒྱད་ལ་སླེབས་ཡོད།

འཛམ་གླིང་ཡོངས་སུ་ནད་རྟགས་གསར་པ་གཏན་འཁེལ་བྱས་པའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་འབུམ་གཅིག་དང་ཁྲི་དྲུག་སྟོང་བརྒྱད་དགུ་བརྒྱ་ང་བདུན་འཕར་ནས་ཁྱོན་བསྡོམས་ནད་པ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་དྲུག་ཁྲི་དྲུག་སྟོང་དགུ་དང་ཉིས་བརྒྱ་ང་དགུ་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་སྟོང་བཞི་བརྒྱ་དང་ཞེ་བདུན་ཇེ་མང་དུ་སོང་ནས་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་ལྔ་དང་ཁྲི་གསུམ་སྟོང་དགུ་དགུ་བརྒྱ་དང་དྲུག་ལ་སླེབས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།