ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཨ་མེ་རི་ཁ་རུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི300ལས་བརྒལ་བར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(国际疫情)(1)约翰斯·霍普金斯大学:美国新冠确诊病例累计超过300万例

 ཟླ7པའི་ཚེས8ཉིན། ཨ་མེ་རི་ཁའི་ཝ་ཧྲིང་ཐོན་རུ་མི་རྣམས་ལུས་སྦྱོང་བྱེད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རི་རྒྱལ་ཁབ་དུ་ཡོད་པའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས8ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཨ་མེ་རི་ཁ་རུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་རིམ་རྩིས་བྱས་ན་ཁྲི300ལས་བརྒལ་འདུག

 གཞི་གྲངས་ལྟར་ན། ཨ་རི་ཤར་རྒྱུད་ཀྱི་དུས་ཚོད་ཚེས8ཉིན་གྱི་ཆུ་ཚོད11དང་སྐར་མ34(པེ་ཅིང་གི་དུས་ཚོད་ཆུ་ཚོད23དང་སྐར་མ34བར) ཨ་མེ་རི་ཁ་རུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་་ནད་པ་རིམ་རྩིས་བྱས་ན3016515ཡོད་པ་དང་། ཚེ་ལས་འདས་པའི་ནད་པ་རིམ་རྩིས་བྱས་ན131594ཡོད་པ་རེད།

ཡང་གཞི་གྲངས་ལྟར་ན། ཨ་མེ་རི་ཁ་རུ་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཆེས་ཚབས་ཆེ་བའི་ཉིའུ་གཡོད་མངའ་སྡེ་རུ་ནད་རྟགས་ཐག་བཅད་པའི་ནད་པ་རིམ་རྩིས་བྱས་ན398237དང་ཚེ་འདས་ནད་པ་རིམ་རྩིས་བྱས་ན32243ཡོད་པ་རེད།  རིམ་རྩིས་བྱས་ན་ཚེ་འདས་ནད་པ་ཁྲི10ལས་བརྒལ་བའི་མངའ་སྡེ་ལ་ཅ་ལི་ཧྥུ་ཉི་ཡ་མངའ་སྡེ་དང་། ཧྥུ་རོ་ལི་ཏ་མངའ་སྡེ། ཏེ་ཁེ་ས་སི་མངའ་སྡེ། ཞིན་ཙེ་ཞི་མངའ་སྡེ། དབྱི་ལི་ནོ་དབྱི་མངའ་སྡེ། མ་ས་ཀྲུའུ་སའེ་མངའ་སྡེ། ཡ་ལི་སང་ན་མངའ་སྡེ། ཙུའོ་ཀྲི་ཡ་མངའ་སྡེ་བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།