ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུས་འཇིགས་སྐུལ་པ་གསོ་སྐྱོང་སྦྱོང་བརྡར་བྱེད་པའི་རྩ་འཛུགས་ཤིག་གཏོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཚེས་བདུན་ཉིན་ཅ་ལི་ཉིང་ཀེ་ལེ་མངའ་སྡེ་རུ་འཇིགས་སྐུལ་པར་གསོ་སྦྱོང་བྱེད་པའི་རྩ་འཛུགས་ཤིག་མེད་པར་བཟོས་པ་རེད།

ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཅ་ལི་ཉིང་ཀེ་ལེ་མངའ་སྡེ་ཡན་ལག་ཅུའུ་ཡིས་ཚེས་བདུན་ཉིན་ཡོངས་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ནང་བསྟན་དོན། འཛིན་བཟུང་བྱ་སྤྱོད་དེ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་གསང་མྱུལ་བ་དང་ཨུ་རུ་སུའི་མཐའ་སྲུང་ཅུའུ་ཡི་མི་སྣས་ལག་བསྟར་བྱས་པ་རེད། རྒྱལ་སྤྱིའི་འཇིགས་སྐུལ་རྩ་འཛུགས་ཀྱི་ཁོངས་མི་བཞི་འཛིན་བཟུང་བྱས་ཡོད། འཛིན་བཟུང་བྱས་པའི་མི་སྣས་གཙོ་བོ་ཨུ་རུ་སུའི་མངའ་ཁོངས་སུ་ཨེ་ཤེ་ཡ་དབུས་མའི་ས་ཁུལ་ནས་ཡོང་བའི་ངལ་རྩོལ་ནུས་པ་ལྡན་པའི་བཟོ་པ་བསྡུ་རྒྱུའི་འགན་འཁུར་གྱི་ཡོད། གསོ་སྦྱོང་བྱས་རྗེས་ས་གནས་ཁག་ཏུ་འཇིགས་སྐུལ་བྱེད་སྒོ་སྤེལ་བར་བསྐྱལ་བ་རེད་ཟེར།

སྤྱི་བསྒྲགས་ནང་བཤད་རྒྱུར། རྩ་འཛུགས་དེའི་ཁོངས་མིའི་སྡོད་གནས་སྔོག་བཤེར་བྱེད་སྐབས་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་ཀྱི་དྲིལ་བསྒྲགས་དཔྱད་གཞི་འབོར་ཆེན་རྙེད།

མིག་སྔར་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་འཛིན་བཟུང་བྱ་ཡུལ་ལ་ཐོབ་ཐང་དབྱེ་འབྱེད་སོགས་ཀྱི་ཐད་ནས་སྔར་ལས་ལྷག་པའི་སྒོ་ནས་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།