ཀྲུང་གོ་བོད་ཀྱི་དྲ་བ།

​ནི་ཀྲེ་རི་ཡའི་གྲུ་གཟིངས་བྱིང་པའི་དོན་རྐྱེན་ལས་ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཨ་པུའུ་ཅ་ནས་གནས་ཚུལ་འབྱོར་གསལ། ནི་ཀྲེ་རི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཚེས7ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ཤར་ལྷོའི་རྒྱུད་ཀྱི་པེ་ནུའུ་ཨའེ་ཀྲོའུ་རུ་ཚེས5ཉིན་གྲུ་གཟིངས་བྱིང་པའི་དོན་རྐྱེན་ལས་ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་མང་པོ་གར་སོང་ཆ་མེད་དུ་གྱུར།

 ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། མི23བསྡད་ཡོད་པའི་གྲུ་གཟིངས་ཤིག་ཚེས5ཉིན་པེ་ནུའུ་ཨའེ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་མ་ཁུར་ཏི་རུ་སྐྱོད་པའི་ལམ་བར་དུ་ཆུར་ནུབ་པ་དང་མིག་སྔར་རྐྱེན་ལམ་དུ་ཤོར་བའི་མིའི་བེམ་པོ14རྙེད་པ་དང་མི་གཉིས་བསྐྱབས་ཐུབ་པ་བྱུང་ལ། གཞན་རྣམས་གར་སོང་ཆ་མེད་དུ་གྱུར།

ཉེན་རྟོག་ཕྱོགས་ཀྱིས་གྲུ་ཐོག་གི་འགྲུལ་པ་རྣམས་ནི་ཆོས་ཁང་ཞིག་གི་ཁོངས་མི་ཡིན་པས་ཁོང་ཚོས་ཚོགས་འདུ་ཞིག་ལ་ཞུགས་པར་འགྲོ་བ་རེད་ཅེས་བཤད།

  གཞན་ཟླ་འདིའི་ཚེས3ཉིན། མི21བསྡད་ཡོད་པའི་གྲུ་གཟིངས་ཤིག་ནི་ཀྲེ་རི་ཡའི་ལ་ཀེ་སི་གྲོང་ཁྱེར་དུ་ཆུར་ནུབ་ནས་མི7རྐྱེན་ལམ་དུ་ཤོར་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།