ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལིའི་ད་ཡོད་པྲོག་དབྱིབས་ནད་དུག་འགོས་པའི་ནད་པ་ཡི་ཁ་གྲངས་ཅུང་ཙམ་ཇེ་མང་དུ་ཕྱིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལི་འཕྲོད་བསྟེན་པུའུ་ཡིས་ཚེས་དྲུག་ཉིན་ཁྱབ་བསྒྲགས་བྱས་པའི་རིམས་ནད་ཀྱི་གཞི་གྲངས་གསར་པ་ལས་མངོན་པ་ལྟར་ན། རྒྱལ་ཁབ་དེར་ད་ཆ་པྲོག་དབྱིབས་ནད་དུག་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་བཞི་བདུན་བརྒྱ་དགུ་ཡོད་པ་དེ་ནི་ཉིན་གོང་མ་ལས་མི་རེ་བདུན་གྱིས་ཇེ་མང་དུ་ཕྱིན་ཡོད། འདི་ནི་གྲངས་ཀ་འདི་ཟླ་གཉིས་ལྷག་ལ་མར་བབས་རྗེས་བསྟུད་མར་ཉིན་གཉིས་པར་བསྐྱར་འཕར་བྱས་པ་ཞིག་རེད།

དབྱི་ཐ་ལིའི་རྒྱལ་ཡོངས་ཀྱི་ས་ཁུལ་ཆེན་པོ་ཉི་ཤུའི་ནང་། ས་ཁུལ་ཆེན་པོ་དྲུག་ཏུ་ད་ཡོད་ནད་པའི་མི་གྲངས་དེ་སྔོན་ལས་ཅུང་མང་དུ་སོང་བ་དང་། ས་ཁུལ་ཆེན་པོ་བཅུ་བཞི་ཇེ་དམའ་རུ་སོང་བའམ་ཡང་ན་ཉིན་གོང་མ་དང་དོ་མཉམ་པ་བྱུང་ཡོད།

ད་ཡོད་ནད་པའི་ཁྲོད། མི་ཁྲི་གཅིག་དང་སྟོང་གསུམ་དྲུག་བརྒྱ་གོ་གཅིག་ཁྱིམ་སྡོད་ལོགས་སུ་བཀར་པ་དང་། མི་དགུ་བརྒྱ་ཞེ་དྲུག་གིས་སྨན་ཁང་དུ་སྤྱིར་བཏང་གི་སྨན་བཅོས་དང་ལེན་བྱས་པ་དང་། མི་དོན་གཉིས་ཀྱིས་ནད་ལྕི་ལྟ་སྐྱོང་ཁང་དུ་སྨན་བཅོས་དང་ལེན་བྱེད་ཀྱིན་ཡོད། སྤྱིར་བཏང་གི་གསོ་བཅོས་དང་ལེན་བྱས་པའི་ནད་པ་ནི་ཉིན་སྔོན་མ་ལས་ནད་པ་གཅིག་གིས་ཇེ་མང་དུ་སོང་ཡོད་ལ། ནད་གཞི་ལྕི་མོའི་ནད་པ་ནི་ཉིན་སྔོན་མ་ལས་ནད་པ་གཉིས་ཀྱིས་ཇེ་ཉུང་དུ་སོང་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལིར་ཉིན་དེར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་ཉིས་བརྒྱ་བརྒྱད་ཀྱིས་ཇེ་མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ནད་པ་འབུམ་གཉིས་དང་ཁྲི་བཞི་སྟོང་གཅིག་བརྒྱད་བརྒྱ་བཅུ་དགུ་གཏན་འཁེལ་བྱས་ཡོད་ཅིང་། དྲག་སྐྱེད་བྱུང་བའི་ནད་པ་བརྒྱ་དང་སོ་གསུམ་གྱིས་ཇེ་མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ཁྱོན་བསྡོམས་ནད་པ་འབུམ་གཅིག་དང་ཁྲི་དགུ་སྟོང་གཉིས་ཉིས་བརྒྱ་ཞེ་གཅིག་དྲག་སྐྱེད་བྱུང་ཡོད།  ཤི་བའི་ནད་པ་བརྒྱདའཕར་བ་དང་རིམ་རྩིས་བྱས་ན་ཁྱོན་བསྡོམས་ནད་པ་ཁྲི་གསུམ་དང་སྟོང་བཞི་བརྒྱད་བརྒྱ་རེ་དགུ་རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།