ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་མང་བོ་འགས་གཏོར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གིས་ཉིན་དེའི་དགོང་མོར་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་ཡོད་པའི་དམག་དོན་དམིགས་འབེན་མང་བོ་འགས་གཏོར་བཏང་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་མི་སྣས་ཚེས་ལྔ་ཉིན་གྱི་དགོང་མོར་དབྱི་སི་རལ་ལྷོ་ཕྱོགས་ས་ཁུལ་དུ་མེ་ཤུགས་འཕུར་མདའ་གསུམ་འཕངས་པ་དང་། དེའི་ནང་མེ་ཤུགས་འཕུར་མདའ་གཅིག་དབྱི་སི་རལ་དམག་དཔུང་གི་འགོག་སྲུང་མ་ལག་གིས་བཀག་ཡོད་ལ། མེ་ཤུགས་འཕུར་མདའ་གཞན་གཉིས་མི་མེད་ཀྱི་ས་སྟོང་དུ་ལྷུང་བས་མི་སྣར་ཤི་རྨས་བཟོས་མེད་ཟེར། དེར་རྒོལ་ལན་སྤྲོད་ཆེད་དབྱི་སི་རལ་དམག་དཔུང་གིས་འཐབ་འཛིང་གནམ་གྲུ་དང་གྱེན་འཕུར་གནམ་གྲུ་མངག་ནས་ཧཱ་མཱ་སིའི་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་ཡོད་པའི་དམག་དོན་དམིགས་འབེན་མང་བོར་འགས་གཏོར་བཏང་བ་དང་། དེའི་ནང་ས་འོག་གི་སྒྲིག་ཆས་ཤིག་ཀྱང་འདུས་ཡོད་ཟེར། 

མིག་སྔར་རྩ་འཛུགས་གང་རུང་གིས་མེ་ཤུགས་འཕུར་མདའ་འཕངས་པ་ཁས་ལེན་བྱས་མེད་ཀྱང་། དབྱི་སི་རལ་དམག་ཕྱོགས་ཀྱིས་ཧཱ་མཱ་སི་ཡིས་ངེས་པར་དུ་ཅཱ་ཧྲ་ས་ཁུལ་གྱི་དྲག་ཤུགས་དོན་རྐྱེན་ཚང་མའི་མཇུག་འབྲས་ལ་འགན་ཁུར་དགོས་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།