ཀྲུང་གོ་བོད་ཀྱི་དྲ་བ།

སོ་མ་ལེ་ལྷོ་ནུབ་རྒྱུད་དུ་འགད་གཏོར་འཇབ་རྒོལ་བྱུང་ནས་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཞི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། སོ་མ་ལེ་ལྷོ་ནུབ་རྒྱུད་ཀྱི་གྲོང་གསེབ་པའེ་ཏོ་ཨ་རུ་ཉིན་དེར་འགད་གཏོར་འཇབ་རྒོལ་བྱུང་ནས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ལ་རྨས་ཕོག་ཟེར།

སོ་མ་ལེ་སྲིད་གཞུང་གི་མགྲིན་ཚབ་པ་དབྱི་སི་མེར་ཨོ་མཱ་ཨེར་གྱིས་བདེན་དཔང་བྱས་ལྟར་ན། འགད་གཏོར་དེ་རྒྱང་རྟེན་ས་འོག་འབར་མདེལ་ལས་བྱུང་བ་ཡིན་ལ། འཆི་རྨས་བྱུང་བའི་མི་ཚང་མ་མི་སེར་དཀྱུས་མ་ཡིན་པ་དང་། འགད་གཏོར་ལས་འཆི་རྨས་བྱུང་བའི་མི་གྲངས་ད་དུང་ཇེ་མང་དུ་འགྲོ་སྲིད་ཟེར།

འགད་གཏོར་དོན་རྐྱེན་དངོས་སུ་མཐོང་བའི་མི་ཞིག་གིས་བཤད་རྒྱུར། འགད་གཏོར་འཇབ་རྒོལ་གྱི་དམིགས་འབེན་པད་ཏའོ་ཨའི་ལྷོ་རྒྱུད་ཀྱི་ཁྲལ་དོན་ལས་ཁུངས་ཞིག་ཡིན་ལ། འགད་གཏོར་དེ་ཉེ་འགྲམ་གྱི་ཟ་ཁང་ཞིག་ནས་བྱུང་བ་དང་། འཆི་རྨས་བྱུང་བའི་མིའི་ཁྲོད་མི་སེར་དཀྱུས་མ་དང་བདེ་འཇགས་མི་སྣ་འདུ་ཟེར།

ཉིན་དེར། སོ་མ་ལེ་ཡི་རྒྱལ་ས་མོ་ཅ་ཏེ་ཧྲ་ཁྲལ་དོན་ཅུའུ་ཡི་ཉེ་འགྲམ་དུ་ཡང་འགད་གཏོར་དོན་རྐྱེན་ཞིག་བྱུང་ནས། མི་མང་པོར་འཆི་རྨས་བྱུང་།

རྩ་འཛུགས་དང་མི་སྒེར་གང་རུང་གིས་འགད་གཏོར་འཇབ་རྒོལ་དེ་གཉིས་དང་འབྲེལ་བ་ཡོད་པ་ཁྱབ་བསྒྲགས་མ་བྱས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།