ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་འབུམ་བརྒྱད་ཁྲི་གསུམ་སྟོང་བདུན་དང་སོ་བདུན་ལ་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བདུན་པའི་ཚེས་བཞི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་འབུམ་བརྒྱད་ཁྲི་གསུམ་སྟོང་བདུན་དང་སོ་བདུན་ལ་བསླེབ་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཟླ་བདུན་པའི་ཚེས་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་གཅིག་སྟོང་གཉིས་སུམ་བརྒྱ་བཅུ་བདུན་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཅིག་དང་འབུམ་བརྒྱད་ཁྲི་གསུམ་སྟོང་བདུན་དང་སོ་བདུན་ཏུ་བསླེབ་ཡོད་ལ། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་བརྒྱ་དང་སོ་བཞི་ཇེ་མང་དུ་སོང་ནས་བསྡོམས་པས་ནད་པ་འབུམ་ལྔ་དང་ཁྲི་གཅིག་སྟོང་བརྒྱད་སུམ་བརྒྱ་རེ་གསུམ་ལ་བསླེབ་ཡོད་ཟེར། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་གཅིག་སྟོང་གཉིས་སུམ་བརྒྱ་ཉེར་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཅིག་དང་འབུམ་དགུ་ཁྲི་གཉིས་སྟོང་གཉིས་སུམ་བརྒྱ་ཉེར་བཞིར་བསླེབ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་བརྒྱ་དང་སོ་བཞི་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་ལྔ་དང་ཁྲི་གཉིས་སྟོང་གསུམ་དང་བཅུ་གཅིག་ལ་བསླེབ་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།