ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་དཔལ་འབྱོར་སླར་གསོའི་ཐེབས་རྩ་འཛུགས་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གཉིས་ཀྱིས་ཚེས་ཉེར་དགུའི་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཕན་ནུས་ལྡན་པའི་སླར་གསོའི་ཐེབས་རྩ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་སོ་སོའི་དཔལ་འབྱོར་དེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྲོད་ནས་སླར་གསོ་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། 

མའོ་ཁི་ཨར་གྱིས་ཉིན་དེར་འཇར་མན་བྱང་ཕྱོགས་ཀྱི་མཱེ་ཙི་པེ་ཀི་ནས་འཚམས་འདྲིར་ཡོང་བའི་མཱ་ཁི་ལུང་ལ་ཐུག་འཕྲད་བྱས། ཐུག་འཕྲད་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་མའོ་ཁི་ཨར་གྱིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཟླ་བདུན་པར་སླར་གསོའི་ཐེབས་རྩ་འཛུགས་པའི་ཇུས་གཞི་གཏན་འབེབས་བྱས་ནས། དཔལ་འབྱོར་ཐད་གནོད་པ་ཐེབས་པའི་རྒྱལ་ཁབ་དག་ལ་རོགས་རམ་བྱེད་དགོས་ཟེར། ཁོ་མོས་བསྟན་དོན། འཇར་མན་དང་ཧྥ་རན་སིའི་ཐུན་མོང་གྲོས་འདོན་ལས་མ་འོངས་པའི་ཟླ་ངོ་འགའི་ནང་རྒྱལ་ཁབ་གཉིས་ཀྱི་ལངས་ཕྱོགས་གཅིག་གྱུར་ཡིན་ལ། ཡོ་རོབ་གླིང་གི་མ་འོངས་པའི་ཆེད་དུ་ཡང་དག་པའི་ཕྱོགས་སུ་སྒུལ་ཤུགས་འདོན་པའི་བརྡ་གསལ་བོ་བཏང་ཡོད་ཟེར། 

མའོ་ཁི་ཨར་གྱིས་བལྟས་ན། འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་པ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་གཅིག་གྱུར་མིན་པས། སླར་གསོའི་ཐེབས་རྩ་འཛུགས་པར་བཀག་རྒྱ་མི་ཉུང་བ་ཁྱད་བསལ་བྱེད་དགོས་པར་འདོད། ཁོ་མོས་བཤད་རྒྱུར། སླར་གསོའི་ཐེབས་རྩ་ལ་དོགས་པ་ཟ་བའི་རྒྱལ་ཁབ་དག་གིས་ང་ཚོ་མཉམ་དུ་ཉམས་ཉེན་ལས་ཐར་བའི་རེ་འདོད་མངོན་པར་བྱེད་དགོས་ཟེར། 

མཱ་ཁི་ལུང་གིས་བསྟན་དོན། མིག་སྔར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་གནད་འགག་གི་སྐབས་སུ། རྒྱལ་ཁབ་གཉིས་ཀྱིས་གནད་འགག་དུས་སྐབས་དེ་རྒྱལ་ཁའི་དུས་སྐབས་སུ་བསྒྱུར་དགོས་ཟེར། ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་གཅིག་གྱུར་སྒོས་ཆོད་དོན་སྤེལ་ནས། མཉམ་དུ་ཆེས་དགོས་གལ་ཆེ་བའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།