ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལི་རྒྱལ་ཁབ་ཏུ་ད་ལྟའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ཁྲི་གཅིག་དང་སྟོང་དྲུག་དྲུག་བརྒྱ་གྱ་གཅིག་ལ་ཇེ་ཉུང་དུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལིའི་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བར་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ད་ལྟའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ཁྲི་གཅིག་དང་སྟོང་དྲུག་དྲུག་བརྒྱ་གྱ་གཅིག་ལ་ཇེ་ཉུང་དུ་སོང་བ་དང་དེ་སྔ་ཉིན་དང་བསྡུར་ན་ནད་པ་བརྒྱ་དང་ང་ལྔའི་ཇེ་ཉུང་དུ་སོང་།

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་དོན་བཞི་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཉིས་དང་ཁྲི་བཞི་སུམ་བརྒྱ་དང་བཅུ་ལ་སླེབས། དྲག་སྐྱེད་བྱུང་བའི་ནད་པ་སུམ་བརྒྱ་དང་བདུན་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་བརྒྱད་སྟོང་བརྒྱད་དང་བརྒྱད་བརྒྱ་གོ་གཅིག་དྲག་སྐྱེད་བྱུང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཉེར་གཉིས་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཁྲི་གསུམ་དང་སྟོང་བཞི་བདུན་བརྒྱ་སོ་བརྒྱད་ལ་སླེབས།

ད་ལྟའི་ནད་པའི་ཁྲོད་དུ་མི་ཁྲི་གཅིག་དང་སྟོང་ལྔ་བཞི་བརྒྱ་ཉེར་གསུམ་ཁྱིམ་ཚང་དུ་ལོགས་བཀར་བྱས་ཤིང་། མི་སྟོང་གཅིག་དང་བརྒྱ་དང་དྲུག་ཅུ་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་། མི་གོ་བརྒྱད་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད། ཞག་སྡོད་ནད་པ་སྔ་ཉིན་དང་བསྡུར་ན་རྒྱུན་མཐུད་སྒོས་ཇེ་ཉུང་དུ་འགྲོ་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།