ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་བཟུང་བའི་ནད་པ་བསྡོམས་པས་ས་ཡ་གཉིས་དང་འབུམ་ལྔ་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཡོ་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བར་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་བཟུང་བའི་ནད་པ་བསྡོམས་པས་ས་ཡ་གཉིས་དང་འབུམ་ལྔ་ལས་བརྒལ།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་བདུན་ཉིན་གྱི་དུས་ཚོད་བཅུ་དྲུག་དང་སྐར་མ་སོ་ལྔའི་བར། ཨ་མེ་རི་ཁ་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་བཟུང་བའི་ནད་པ་བསྡོམས་པས་ས་ཡ་གཉིས་དང་འབུམ་ལྔ་བཞི་བརྒྱ་དང་བཅུ་དགུ་ལ་སླེབས་པ་དང་། བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་གཉིས་སྟོང་ལྔ་དང་བཞི་བརྒྱ་སོ་བཞི་རྐྱེན་ལམ་དུ་ཤོར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་ལམ་ཨ་མེ་རི་ཁའི་མངའ་སྡེ་མང་ཤོས་སུ་རིམས་ནད་བསྐྱར་འཕར་བྱུང་བ་དང་། ཏི་ཁི་ས་སི་མངའ་སྡེ་དང་ཧྥོ་ལོ་ལིས་ཏ་མངའ་སྡེ། ཡ་ལིས་སང་ན་མངའ་སྡེ་སོགས་སུ་ཉིན་གཅིག་ལ་པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་བཟུང་བའི་ནད་པ་འཕར་སྣོན་བྱུང་ཚད་ཆེས་མཐོ་བ་རེད། མངའ་སྡེ་མང་ཤོས་ཀྱིས་དཔལ་འབྱོར་སླར་གསོའི་འཆར་གཞི་མཚམས་འཇོག་པ་དང་ཡང་ན་རྗེས་ལ་བསྣུར་རྒྱུ་ཁྱབ་སྒྲོག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།