ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་དགུ་དང་འབུམ་གསུམ་ཁྲི་བརྒྱད་སྟོང་བརྒྱད་དང་རེ་དྲུག་ལ་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་དགུ་དང་འབུམ་གསུམ་ཁྲི་བརྒྱད་སྟོང་བརྒྱད་དང་རེ་དྲུག་ལ་བསླེབ་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཅིག་དང་ཁྲི་བདུན་སྟོང་དྲུག་དགུ་བརྒྱ་གྱ་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་དགུ་དང་འབུམ་གསུམ་ཁྲི་བརྒྱད་སྟོང་བརྒྱད་དང་རེ་དྲུག་ལ་བསླེབ་ཡོད་ལ། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་བརྒྱ་དང་བཅོ་ལྔ་ཇེ་མང་དུ་སོང་ནས་བསྡོམས་པས་ནད་པ་འབུམ་བཞི་དང་ཁྲི་བདུན་སྟོང་དགུ་དྲུག་བརྒྱ་དང་གཅིག་ལ་བསླེབ་ཡོད་ཟེར། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཅིག་དང་ཁྲི་བདུན་སྟོང་བདུན་དང་བཅུ་གཉིས་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་དགུ་དང་འབུམ་བཞི་ཁྲི་བདུན་སྟོང་གསུམ་ཉིས་བརྒྱ་དང་བཅུ་བཞིར་བསླེབ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་བརྒྱ་དང་བཅུ་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་བཞི་དང་ཁྲི་བརྒྱད་སྟོང་བཞི་ཉིས་བརྒྱ་དང་ཞེ་དགུར་བསླེབ་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།