ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་འཇར་པན་གྱི་གྲོས་གཞི་ཞིག་ལ་དགག་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་6ཚེས་22ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ཀྲའོ་ལི་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ནས། འཇར་པན་ཕྱོགས་སུ་ཏིའོ་ཡུའུ་གླིང་ཕྲན་ལ་“མིང་བརྗེ”ཟེར་བའི་གྲོས་གཞིར་གྲོས་འཆམ་བྱུང་བ་ནི་ཀྲུང་གོའི་མངའ་ཁོངས་བདག་དབང་ལ་འཁྲུག་རྐྱེན་ཚབས་ཆེན་བསླངས་པ་ཡིན་ཞིང་། དེ་ནི་ཁྲིམས་འགལ་དང་ཕན་ནུས་མེད་པ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་འཇར་པན་ཕྱོགས་ལ་འབྲེལ་འདྲིས་ནན་པོ་བྱེད་རྒྱུ་བསྟན་པ་རེད། 

གསར་འགོད་པ་ཞིག་གིས་དྲིས་དོན། འཇར་པན་ཁྲུང་ཧྲུན་རྫོང་ཧྲི་ཡོན་གྲོང་ཁྱེར་གྲོས་ཚོགས་ཀྱིས་ཚེས་22ཉིན་འབྲེལ་ཡོད་གྲོས་གཞི་ལ་གྲོས་འཆམ་བྱུང་ཡོད་པ་སྟེ། ཏིའོ་ཡུའུ་གླིང་ཕྲན་གྱི་“སྲིད་འཛིན་མངའ་ཁོངས”ཟེར་བ་དེའི་མིང་བརྗེས་པའི་ཐད་ལ། ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡོད་དམ། 

 “ཏིའོ་ཡུའུ་གླིང་ཕྲན་དང་དེའི་ཁོངས་གཏོགས་ཀྱི་གླིང་ཕྲན་ནི་ཀྲུང་གོའི་སྔར་ཡོད་མངའ་ཁོངས་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་མངའ་ཁོངས་བདག་དབང་སྲུང་སྐྱོང་བྱ་རྒྱུའི་ཆོད་སེམས་དང་སྙིང་སྟོབས་ནི་འགྱུར་མེད་བརྟན་པོ་ཡིན།”ཀྲའོ་ལི་ཅན་གྱིས། འཇར་པན་ཕྱོགས་ཀྱིས་“མིང་བརྗེ”ཟེར་བའི་གྲོས་གཞི་ལ་གྲོས་འཆམ་བྱུང་བ་ནི། ཀྲུང་གོའི་མངའ་ཁོངས་བདག་དབང་ལ་འཁྲུག་རྐྱེན་ཚབས་ཆེན་བསླངས་པ་དང་། དེ་ནི་ཁྲིམས་འགལ་དང་ཕན་ནུས་མེད་ཅིང་། ཏིའོ་ཡུའུ་གླིང་ཕྲན་ཀྲུང་གོའི་ཡིན་པའི་དོན་དངོས་སྒྱུར་ཐབས་མེད། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་ཀྱི་འབྲེལ་ཡོད་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་བསྟན། 

ཁོང་གིས། ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་འཇར་པན་ཕྱོགས་ལ་འབྲེལ་འདྲིས་ནན་པོ་བྱེད་རྒྱུ་བསྟན་ཅིང་། རིམ་གྱིས་བྱ་སྤྱོད་སྤེལ་པའི་ཁེ་དབང་སོར་འཇོག་བྱ་རྒྱུ་ཡིན་པ་བསྟན། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།