ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་རེ་གཉིས་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལི་དམངས་དོན་སྲུང་སྐྱོབ་ལས་ཁུངས་ཀྱིས་ཚེས་ཉི་ཤུ་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་རེ་གཉིས་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཉིས་དང་ཁྲི་གསུམ་སྟོང་བརྒྱད་དང་ཉིས་བརྒྱ་དོན་ལྔར་སླེབས། ད་ལྟ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་དང་བསྡུར་ན་ནད་པ་སུམ་བརྒྱ་དང་བཅུ་གཅིག་ཇེ་ཉུང་དུ་སོང་བ་དང་ནད་པ་ཁྲི་གཉིས་དང་སྟོང་གཅིག་ཉིས་བརྒྱ་བཅུ་གཉིས་ཇེ་ཉུང་དུ་སོང་།

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཞེ་དགུ་རྐྱེན་ལམ་དུ་ཤོར་བ་དང་། བསྡོམས་པས་ནད་པ་ཁྲི་གསུམ་དང་སྟོང་བཞི་དྲུག་བརྒྱ་དང་བཅུ་རྐྱེན་ལམ་དུ་ཤོར། ནད་པ་ལྔ་བརྒྱ་དང་ཞེ་དྲུག་དྲག་སྐྱེད་བྱུང་བ་དང་བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་བརྒྱད་སྟོང་གཉིས་དང་བཞི་བརྒྱ་ང་གསུམ་དྲག་སྐྱེད་བྱུང་།

ད་ལྟའི་ནད་པའི་ཁྲོད་དུ་མི་ཁྲི་གཅིག་དང་སྟོང་བརྒྱད་ལྔ་བརྒྱ་དང་གྱ་དྲུག་ཁྱིམ་ཚང་དུ་ལོགས་བཀར་བྱས་ཡོད་པ་དང་། མི་སྟོང་གཉིས་དང་བཞི་བརྒྱ་དོན་བཞི་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་ལ། མི་བརྒྱ་དང་ང་གཉིས་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད། སྤྱིར་བཏང་གི་ཞག་སྡོད་ནད་པ་དང་ནད་པ་ལྗིད་མོའི་ཁ་གྲངས་དེ་སོ་སོར་སྔ་ཉིན་དང་བསྡུར་ན་ནད་པ་བརྒྱ་དང་ང་བརྒྱད་དང་ནད་པ་དགུ་ཇེ་ཉུང་དུ་སོང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།