ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཞི་ཡ་ཐུའུ་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ནུབ་བྱང་རྒྱུད་ཀྱི་ཝ་ཧྲིང་ཐོན་ཀྲོའུ་ཞི་ཡ་ཐུའུ་གྲོང་ཁྱེར་དུ་ཚེས་ཉི་ཤུ་ཉིན་གྱི་ཞོགས་པར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་བའི་ཁྲོད། མི་གཅིག་ཤི་བ་དང་མི་གཅིག་ལ་རྨས་སྐྱོན་ཕོག

ཞི་ཡ་ཐུའུ་ཉེན་རྟོག་ཕྱོགས་ཀྱིས་མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་གྲོང་ཁྱེར་དེའི་གོ་ཧུའེ་ཧྲན་གྲོང་མིའི་སྡོད་ཁུལ་དུ། ཉེ་དུས་རྔམ་སྟོན་ཁྲོམ་སྐོར་པས་བཟུང་བའི་ས་ཁོངས་སུ་བྱུང་བ་དང་། འདས་པོ་ནི་ལོ་བཅུ་དགུ་ལ་སོན་པའི་སྐྱེས་པ་ཞིག་ཡིན་པ་དང་། སྐྱེས་པ་གཞན་ཞིག་གི་སྲོག་ཉེན་ལ་འཕྲད་ཡོད་ཅིང་། ད་ཆ་སྨན་ཁང་དུ་སྲོག་སྐྱོབ་སྨན་བཅོས་བྱེད་བཞིན་ཡོད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། མིག་སྔར་ཉེས་གསོག་དོགས་ཅན་བྲོས་བྱོལ་དུ་ཕྱིན་ཡོད་ཟེར། ཉེན་རྟོག་ཕྱོགས་ཀྱིས་ཡུལ་དངོས་ནས་སྤྱི་པའི་བརྙན་ལམ་བརྒྱུད་དེ་ཁུངས་སྣེ་འཚོལ་བཞིན་ཡོད་པ་དང་། མེ་མདའ་བརྒྱབ་པའི་དོན་རྐྱེན་ལ་ཞིབ་བཤེར་ནན་མོ་བྱེད་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།