ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་འཕྲོད་བསྟེན་པུའུ་ཡིས་རྒྱལ་ཡོངས་སུ་པྲོག་དབྱིབས་ནད་དུག་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་ཚོད་ལྟ་ཁང་བཙུགས་ཏེ་རིམས་ནད་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་ནུས་པ་ཇེ་ཆེར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསརའགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་འཕྲོད་བསྟེན་པུའུ་ཡི་དཔོན་རིགས་ཀྱིས་ཚེས་ཉི་ཤུ་ཉིན་བཤད་དོན། དབྱི་རག་འཕྲོད་བསྟེན་པུའུ་ཡིས་རྒྱལ་ཡོངས་སུ་པྲོག་དབྱིབས་ནད་དུག་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་ཚོད་ལྟ་ཁང་ཉི་ཤུ་ལྷག་བཙུགས་ཏེ་པྲོག་གསར་གློ་ཚད་རིམས་ནད་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་ནུས་པ་ཇེ་ཆེར་བཏང་།

དབྱི་རག་འཕྲོད་བསྟེན་པུའུ་སྤྱི་ཐུན་འཕྲོད་ལས་ཁུངས་ཀྱི་འགན་འཁུར་བ་ཡ་ཏི་ཨ་མུས་ཨར་གྱི་བཤད་དོན། མིག་སྔར་དབྱི་རག་རྒྱལ་ཁབ་ཀྱིས་པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་ཚོད་འཛིན་བྱས་ཡོད་ནའང་མ་འོངས་པའི་ཉིན་འགར་ནད་པ་མུ་མཐུད་དུ་འཕར་སྣོན་བྱུང་ན་དབྱི་རིག་རྒྱལ་ཁབ་ཉེན་ཁའི་རིམས་འགོག་གནས་བབ་དང་འཕྲད་ངེས་རེད། པྲོག་གསར་གློ་ཚད་རིམས་ནད་འཕར་སྣོན་བྱུང་བར་ཁ་གཏད་འཇལ་ཆེད། འཕྲོད་བསྟེན་པུའུ་ཡིས་ཐབས་བརྒྱ་ཇུས་སྟོང་སྒོས་ནད་ཁྲིའི་གྲངས་ཀ་ཇེ་མང་དུ་གཏོང་བཞིན་ཡོད་པ་དང་། པ་ཀི་ཏ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་དང་ལུས་རྩལ་ཁང་གཉིས་ཀ་སྒྲོམ་ཤག་སྨན་ཁང་བྱས་ཏེ་བཀོལ་སྤྱོད་བྱེད་རྒྱུ་ཡིན་ཟེར།

དབྱི་རག་འཕྲོད་བསྟེན་པུའུ་ཡིས་ཚེས་ཉི་ཤུ་ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། དབྱི་རག་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཅིག་དང་བརྒྱད་བརྒྱ་བདུན་ཅུ་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཁྲི་གཉིས་དང་སྟོང་དགུ་ཉིས་བརྒྱ་ཉེར་གཉིས་ལ་སླེབས་ཤིང་། ནད་པ་གྱ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་བསྡོམས་པས་ནད་པ་སྟོང་གཅིག་དང་བཅུ་གསུམ་རྐྱེན་ལམ་དུ་ཤོར། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བསྡོམས་པས་ཁྲི་གཅིག་དང་སྟོང་གསུམ་ཉིས་བརྒྱ་བཅུ་གཅིག་དྲག་སྐྱེད་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།