ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཁྲའོ་ཞན་དང་ཧན་གོས་རང་ཚོད་བཟུང་ནས་ཕྱེད་གླིང་གི་གཏན་འཇགས་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཁྲའོ་ཞན་དང་ཧན་གོས་རང་ཚོད་བཟུང་ནས་ཁྲའོ་ཞན་ཕྱེད་གླིང་དུ་འབྱུང་བཞིན་པའི་གནས་བབ་ཐད་ནས་ཚད་ཆེན་པོའི་འགན་འཁྲིའི་འདུ་ཤེས་བཟུང་སྟེ་ཕྱེད་གླིང་གི་གནས་བབ་གཏན་འཇགས་ཡོང་བར་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་། 

ལཱ་ཧྥུའུ་ལོ་ཧྥུའུ་ཉིན་དེར་བརྙན་རིས་རྣམ་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ནམ་ཞིག་གི་ཚེ་ཕྱོགས་དྲུག་གི་གྲོས་མོལ་སླར་གསོ་བྱས་ཤིང་། མཚམས་ཆད་པའི་ཕྱོགས་མང་བོའི་གྲོས་མོལ་སླར་གསོ་བྱས་ཏེ་ཨེ་ཤ་ཡཱའི་བྱང་ཤར་གྱི་ཞི་བདེ་དང་གཏན་འཇགས་ཀྱི་འབྲེལ་ཡོད་གནད་དོན་ཚང་མ་ཐག་གཅོད་བྱེད་པར་འགན་སྲུང་བྱེད་དགོས། བྱ་སྤྱོད་དེ་ཁྲའོ་ཞན་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་རྒྱལ་ཁབ་གཞན་པའི་ཁེ་ཕན་དང་ཡང་འཚམ་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཡུན་རིང་ཞི་བདེ་གཏན་འཇགས་སྲུང་འཛིན་བྱེད་པའི་རེ་བ་ཡོད། རྩ་དོན་དང་ལངས་ཕྱོགས་དེར་གཞིགས་ནས་ཨུ་རུ་སིའི་ཕྱོགས་ཀྱིས་ཁྲའོ་ཞན་དང་ཧན་གོས་གྲོས་མོལ་ལ་བརྟེན་ནས་རྒྱུན་ལྡན་གྱི་འབྲེལ་བ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་དང་། ཞི་བདེའི་ཕྱི་འབྲེལ་བྱེད་ཐབས་ལ་བརྟེན་ནས་ས་ཁུལ་གྱི་གནད་དོན་ཚང་མ་ཐག་གཅོད་བྱེད་དགོས་པའི་འདོད་བློ་བཏོན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།