ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་སྲིད་གཞུང་གིས་མ་དངུལ་བཏང་ནས་སྨན་རྫས་ཞིབ་སྤེལ་ཐོན་སྐྱེད་ཀྱི་རྨང་གཞི་སྒྲིག་ཆས་ལེགས་བསྒྱུར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅུ་དྲུག་ཉིན་ཧྥ་རན་སིའི་སྨན་རྫས་བཟོ་སྐྲུན་ཁེ་ལས་སའེ་ནའོ་ཧྥེ་སྡེ་ཚོགས་ཀྱི་འགོག་སྨན་ཐོན་སྐྱེད་རྟེན་གཞི་ལ་ལྟ་ཞིབ་བྱས་རྗེས། ཧྥ་རན་སིའི་སྲིད་གཞུང་གིས་མ་དངུལ་ཡོ་སྒོར་དུང་ཕྱུར་བཏང་ནས་རང་རྒྱལ་གྱི་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ཀྱི་རྨང་གཞི་སྒྲིག་ཆས་ལེགས་བསྒྱུར་བྱེད་པའི་ཐད་བཀོལ་རྒྱུ་ཁྱབ་བསྒྲགས་བྱས།

མཱ་ཁི་ལུང་གིས་བསྟན་དོན། དངུལ་གཏོང་གི་དམིགས་འབེན་ནི་སའེ་ནའོ་ཧྥེ་སྡེ་ཚོགས་དང་ཧྥ་རན་སིའི་ཁེ་ལས་གཞན་པའི་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ལེགས་བསྒྱུར་བྱེད་པར་རོགས་རམ་བྱེད་པ་དང་། ལྷག་པར་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་སྨན་བཅོས་བྱེད་ཐབས་དང་འགོག་སྨན་གྱི་ཞིབ་འཇུག་གསར་སྤེལ་ལ་ཁ་གཏད་དེ། རིམས་འགོག་གོ་རིམ་ཁྲོད་ཧྥ་རན་སིའི་སྨན་རྫས་གསོ་རིག་བཟོ་ལས་ཆུ་ཚད་དང་སྨན་བཅོས་ཐོན་སྐྱེད་ནུས་པ་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། མ་དངུལ་ཡོ་སྒོར་དུང་ཕྱུར་གཉིས་དེ་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ཐད་མཁོ་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་བཀོལ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།