ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དང་ཞི་ལཱའི་ཙུང་ལི་ཡིས་གྲོས་མོལ་བྱས་ཏེ་མཉམ་ལས་དང་ས་ཁུལ་གྱི་གནས་བབ་ལ་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་འཚམས་འདྲིར་ཡོང་བའི་ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་གཉིས་ཀྱིས་ཡེ་ལུའུ་སཱ་ལེམ་ནས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་དང་ས་ཁུལ་གྱི་གནས་བབ་ལ་ཤུགས་སྣོན་པ་སོགས་ལ་གྲོས་བསྡུར་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་གྲོས་མོལ་བྱེད་སྐབས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དང་ས་ཁུལ་གྱི་གནས་བབ། བདེ་འཇགས་གནད་དོན་གཞན་བཅས་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་སྟེ། དམག་དོན་དང་གསང་འཕྲིན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་གྲོས་བསྡུར་བྱས། 

གྲོས་མོལ་མ་བྱས་གོང་ནེ་ཐཱ་ནི་ཡཱ་ཧུའུ་དང་མུས་ཙོ་ཐཱ་ཅི་སི་གཉིས་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས་སྐབས་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་རྒྱལ་སྲུང་དང་དྲ་རྒྱའི་བདེ་འཇགས། གསང་འཕྲིན་མཉམ་སྤྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ལ། དེ་མིན་ཚན་རྩལ་མཐོན་པོ་དང་ཞིང་ལས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་རེ་བ་ཡོད་ཟེར། 

མུས་ཙོ་ཐཱ་ཅི་སི་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་བར་གྱི་དྲ་རྒྱའི་བདེ་འཇགས་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་ནི་ཐེངས་འདིའི་གྲོས་མོལ་གྱི་གཙོ་གནད་ཡིན་ཟེར། 

ཉིན་དེར་རྒྱལ་ཁབ་གཉིས་ཀྱིས་དྲ་རྒྱའི་བདེ་འཇགས་དང་། ཞིང་ལས། ནུས་ཁུངས། གནས་སྐོར་སོགས་ཁྱབ་ཁོངས་ལ་འབྲེལ་བའི་བཟོད་སྒོམ་བརྗེད་ཐོ་བཀོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།