ཀྲུང་གོ་བོད་ཀྱི་དྲ་བ།

ལི་པ་ནུན་ལ་སོང་བའི་ཀྲུང་གོའི་སྐོར་ཐེངས་བཅོ་བརྒྱད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་དཔོན་དམག་བཞི་བརྒྱ་དང་བཅུ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱས་རྗེས་གཟེངས་རྟགས་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པ་ནུན་ལ་སོང་བའི་ཀྲུང་གོའི་སྐོར་ཐེངས་བཅོ་བརྒྱད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་དཔོན་དམག་བཞི་བརྒྱ་དང་བཅུ་ལ་ཚེས་བཅུ་དྲུག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱས་རྗེས་གཟེངས་རྟགས་གནང་སྟེ། ཁོ་ཚོས་ལས་འགན་ལག་བསྟར་བྱེད་པའི་སྐབས་སུ་ལི་པ་ནུན་ལྷོ་རྒྱུད་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པར་བྱས་རྗེས་འབུར་ཐོན་བཞག་པར་གཟེངས་བསྟོད་བྱས།

ཉིན་དེར་བྱས་རྗེས་གཟེངས་རྟགས་གནང་བའི་མཛད་སྒོ་དེ་ལི་པ་ནུན་ལྷོ་རྒྱུད་ཀྱི་ཞིན་ཉི་ཡ་སྡེ་བ་ན་ཡོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་སྒེར་ས་ནས་བསྡུས་ཤིང་། ལི་པ་ནུན་ན་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་དམག་སྤྱི་ཆེན་མོ་ཏི་ཨར་ཁི་ཨར་དང་ལི་པ་ནུན་ན་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཁི་ཅན་སོགས་མཛད་སྒོར་ཞུགས།

ཏི་ཨར་ཁི་ཨར་གྱིས་མཛད་སྒོའི་སྟེང་ཤིས་ཚིག་འབུལ་སྐབས་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ལི་པ་ནུན་གྱི་ཞི་བདེ་ལས་དོན་ཐད་ལ་བྱས་རྗེས་འབུར་ཐོན་བཞག་པར་གཟེངས་བསྟོད་ཆེན་པོ་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།