ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱས་རྗེས་གཟེངས་རྟགས་སྤྲད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : འབུམ་པ་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(国际)(1)中国赴黎巴嫩维和官兵被授予联合国勋章

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས16ཉིན། ལེ་པ་ནོན་ལྷོ་རྒྱུད་ཤིན་ཉི་ཡ་གྲོང་ཚོར་གནས་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་སྒར་ཁུལ་དུ་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཐོག་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི(ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དཔུང་སྡེའི)དམག་སྤྱི་ཏེའར་ཁོར་གྱིས་ཀྲུང་གོའི་དཔོན་དམག་ལ་བྱས་རྗེས་གཟེངས་རྟགས་སྤྲད་པ་རེད། ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་ཐེངས18པའི་དཔོན་དམག410ཚང་མར་ཚེས16ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱས་རྗེས་གཟེངས་རྟགས་སྤྲད་པ་དང་། ཁོང་ཚོས་ལས་འགན་སྒྲུབ་རིང་ལེ་པ་ནོན་ལྷོ་རྒྱུད་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཕྱིར་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་བར་གཟེངས་བསྟོད་བྱས་པ་རེད། །

(国际)(2)中国赴黎巴嫩维和官兵被授予联合国勋章

ཟླ6པའི་ཚེས16ཉིན། ལེ་པ་ནོན་ལྷོ་རྒྱུད་ཤིན་ཉི་ཡ་གྲོང་ཚོར་གནས་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་སྒར་ཁུལ་དུ་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཐོག་ཀྲུང་གོའི་དཔོན་དམག་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱས་རྗེས་གཟེངས་རྟགས་འདོགས་པ།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།