ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ས་ཡ་བརྒྱད་དང་སྟོང་གསུམ་ཉེར་གཅིག་ལ་སླེབས།

ཡོང་ཁུངས། : བོད་ལྗོངས་འཕྲིན་དྲ།     སྤེལ་དུས། : 2020-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཡོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་གནས་ཚུལ་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བཅོ་ལྔ་ཉིན་གྱི་དུས་ཚོད་བཅོ་བརྒྱད་དང་སྐར་མ་ཞེ་གསུམ་བར་དུ་འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ས་ཡ་བརྒྱད་དང་སྟོང་གསུམ་ཉེར་གཅིག་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་བཞི་དང་ཁྲི་གསུམ་སྟོང་ལྔ་དྲུག་བརྒྱ་བཅུ་དགུ་ལ་སླེབས།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ནི་རིམས་ནས་བྱུང་བ་ཧ་ཅང་ཚབས་ཆེ་བའི་རྒྱལ་ཁབ་ཡིན་ལ། བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ས་ཡ་གཉིས་དང་འབུམ་གཅིག་ཁྲི་གཅིག་བདུན་བརྒྱ་གོ་གཅིག་ཡོད་པ་དང་། ནད་པ་བསྡོམས་པས་འབུམ་གཅིག་དང་ཁྲི་གཅིག་སྟོང་དྲུག་དགུ་བཅུ་རྐྱེན་ལམ་དུ་ཤོར། པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་འབུམ་གཉིས་ལས་བརྒལ་བའི་རྒྱལ་ཁབ་ད་དུང་པ་ཞི་དང་ཨུ་རུ་སི། རྒྱ་གར། དབྱིན་ཇུ། སི་ཕན། དབྱི་ཐ་ལི། ཕེ་རུ་བཅས་ཡོད།

གཞི་གྲངས་དེ་དག་ནི་ཡོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་ཞིབ་འཇུག་ལས་གཞིས་རྒྱལ་ཁབ་དང་ས་གནས་སོ་སོས་ཡར་ཞུ་བྱས་པའི་གཞི་གྲངས་བསྡོམས་རྩིས་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།