ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་ཉི་ཤུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཚེས་བཅུ་གསུམ་ཉིན་ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་གི་སྡེ་བ་ཞིག་ལ་འཇབ་རྒོལ་བྱས་པ་དང་། དམག་ཕྱོགས་བར་འཁྲུག་རྩོད་བྱེད་སྐབས་དྲག་ཆས་ཉེས་ཅན་ཉི་ཤུ་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་འགུལ་སྐྱོད་སྤེལ་སྐབས་དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་བཟུང་བ་དང་། མེ་སྒྱོགས་གཉིས་གཏོར་བ་དང་མཚོན་ཆ་སྐོར་ཞིག་གཞུང་བཞེས་བྱས་ཡོད་ཟེར། 

ཚེས་བཅུ་གསུམ་ཉིན། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ད་རུང་པའོ་ཨར་ནོའུ་ཀྲིག་གི་སྡེ་བ་གཞན་པ་གཉིས་ལ་འཇབ་རྒོལ་བྱས། དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། འཇབ་རྒོལ་ལས་མི་སེར་དཀྱུས་མ་དང་དམག་མི་མང་བོར་ཤི་རྨས་ཐེབས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།