ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་སྲིད་གཞུང་གིས་ལི་པི་ཡ་རྒྱལ་ཁབ་ལ་ཞལ་འདེབས་ཕུལ་བའི་དངོས་རྫས་ཐུ་ནི་སི་ཡའི་རྒྱལ་ས་ཐུ་ནི་སི་ཡའི་ཅ་ཐེ་ཅི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་སྲིད་གཞུང་གིས་ལི་པི་ཡ་རྒྱལ་ཁབ་ལ་ཞལ་འདེབས་ཕུལ་བའི་དངོས་རྫས་ཚེས་བཅུ་ཉིན་ཐུ་ནི་སི་ཡི་རྒྱལ་ས་ཐུ་ནི་སི་ཡའི་ཅ་ཐེ་ཅི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་པ་དང་ཉིན་འགའི་རྗེས་སུ་ལི་པི་ཡ་རུ་སྐྱེལ་རྒྱུ་རེད། ཚེས་བཅུ་གཅིག་ཉིན་ལི་པི་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་གཞུང་སྒྲུབ་མཁན་ཝང་ཆི་མེན་དང་ཐུ་ནི་སི་ཡ་རུ་སྡོད་པའི་ལི་པི་ཡའི་གཞུང་ཚབ་ཁང་གི་གནས་བབ་གཞུང་སྒྲུབ་མཁན་ཧ་ལིས་ཧྥ་ཨ་ཀྲ་པུས་གཉིས་ཀྱིས་དངོས་རྫས་སྤྲོད་ལེན་དཔང་ཡིག་སྟེང་མིང་བཀོད།

ཨ་ཀྲ་པུས་ཀྱིས་ལི་པི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་གདེང་འཇོག་ཆེན་གནང་བ་དང་། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་སྲིད་གཞུང་དང་དམངས་ཁྲོད་ཀྱིས་ལི་པི་ཡ་རྒྱལ་ཁབ་ལ་སྨན་བཅོས་དངོས་རྫས་རོགས་སྐྱོར་སྐོར་ཐེངས་གང་མང་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུས།

ཝང་ཆི་ཡིས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་ལི་པི་ཡའི་རིམས་འགོག་གནས་བབ་ལ་ཡིད་འཇོག་བྱེད་ཀྱིན་ཡོད་པ་དང་། ལི་པི་ཡས་སྤྱད་པའི་ནུས་ལྡན་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་པར་མ་ཟད་མུ་མཐུད་དུ་ནུས་ཤུགས་གང་ཡོད་བཏོན་ནས་ལི་པི་ཡའི་མི་དམངས་ལ་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།