ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཞི་བརྒྱ་དང་གསུམ་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སི་སྲིད་གཞུང་དྲ་ངོས་སུ་ཚེས་དགུ་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཞི་བརྒྱ་དང་གསུམ་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཅིག་དང་ཁྲི་ལྔ་སྟོང་བཞི་ལྔ་བརྒྱ་གོ་གཅིག་ལ་སླེབས།

གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་མིག་སྔར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་གཅིག་དགུ་བརྒྱ་རེ་གཅིག་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་། དེ་སྔ་ཉིན་དང་བསྡུར་ན་ནད་པ་སུམ་བརྒྱ་དང་ང་བཞི་ཇེ་ཉུང་དུ་སོང་།  ནད་པ་དགུ་བརྒྱ་དང་ང་ལྔ་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་ལ། དེ་སྔ་ཉིན་དང་བསྡུར་ན་ནད་པ་རེ་དགུ་ཇེ་ཉུང་དུ་སོང་།

ཧྥ་རན་སིའི་རྒྱལ་ཡོངས་སྡོམ་རྩིས་དང་དཔལ་འབྱོར་ཞིབ་འཇུག་ཁང་གིས་ ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན།  ད་ལོའི་དུས་ཚིགས་དང་པོར་ཧྥ་རན་སིའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་བརྒྱ་ཆའི་ལྔ་དང་གྲངས་ཆུང་བརྒྱད་ཇེ་དམའ་རུ་སོང་།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།