ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ལི་པུ་ཡཱའི་གནས་བབ་སོགས་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཚེས་བརྒྱད་ཉིན་ཁ་པར་བརྒྱུད་དེ་ལི་པུ་ཡཱའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གསར་འགྱུར་ཅུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨེ་ཨར་ཏའོ་ཨན་དང་ཐི་ལིང་ཕུའུ་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་ལི་པུ་ཡཱའི་ཉམས་ཉེན་འདུས་པའི་ས་ཁུལ་གྱི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་ལི་པུ་ཡཱའི་ཞི་བདེ་དང་གཏན་འཇགས་ལ་ཡར་སྐུལ་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཐི་ལིང་ཕུའུ་དང་ཁ་པར་གྲོས་མོལ་བྱས་རྗེས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན། 

ཉིས་སྟོང་བཅུ་གཅིག་ལོར་ཁཱ་ཀྲ་ཧྥེ་ཡི་སྲིད་དབང་རྩ་རྫོགས་བྱས་རྗེས། ལི་པུ་ཡཱའི་སྟོབས་ཤུགས་ཆེན་པོ་གཉིས་ཀྱིས་ས་གནས་བཅད་བཟུང་བྱས། མི་རིགས་མཐུན་སྒྲིལ་སྲིད་གཞུང་དང་དེར་རྒྱབ་སྐྱོར་བྱེད་པའི་དྲག་ཆས་པས་རྒྱལ་ས་ཏི་ལོས་པའོ་ལི་སོགས་ནུབ་ཕྱོགས་ས་ཁུལ་ཚོད་འཛིན་བྱས་པ་དང་། རྒྱལ་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་དམངས་དམག་དཔུང་གིས་མནའ་འབྲེལ་བྱས་ཏེ་ཤར་ཕྱོགས་དང་དབུས་ཕྱོགས་ས་ཁུལ། ལྷོ་ཕྱོགས་ཀྱི་གྲོང་ཁྱེར་གཙོ་བོ་རེ་འགའ་དང་ནུབ་ཕྱོགས་ཀྱི་གྲོང་ཁྱེར་སྐོར་ཞིག་ཚོད་འཛིན་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།