ཚེ་འདས་ཀྱི་ཆེད་དུ་དྲང་བདེན་སྐྱོང་དགོས་པའི་འབོད་སྐུལ་བཏང་།

གནོད་འཚེ་ཕོག་མཁན་མི་ནག་གི་ཆུང་མའི་སྐད་ཆ་དེས་སྐྱོ་གདུང་ཁྲོད་དཔའ་མི་ཞུམ་པ་དང་འཇིགས་པ་མེད་པ་མཚོན།

 “བུ་མོ་ནར་སོན་པ་ཁོས་ནམ་ཡང་མཐོང་མི་སྲིད།

ནམ་ཡང་ཁོ་མོའི་ལག་པར་འཇུ་མི་ཐུབ……”

ཚེས2ཉིན། ཆའོ་ཀྲི•ཧྥུ་ལོ་དབྱི་ཏེའི་གཉེན་གྲོགས་ཀྱིས་

མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་དུ་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་།

འདས་པོ་ཧྥུ་ལོ་དབྱི་ཏེའི་ཆུང་མས་ལོ6ཅན་གྱི་བུ་མོ་ཁྲིད་ནས་སྐད་ཆ་བཤད།

ཁོ་མོས་བཤད་རྒྱུར། ལོ་ན་ཕྲ་བའི་བུ་མོར་ནམ་ཡང་ཨ་ཕ་མེད་སོང་བ་རེད།

བྱིས་པ་དང་ཆའོ་ཀྲིའི་ཆེད་དུ། ངས་འདི་ནས་བདེན་དོན་སྤེལ་བ་ཡིན་ཟེར།

འདས་པོའི་ཆུང་མས་ལོ6ཅན་གྱི་བུ་མོ་ཁྲིད་ནས་སྐད་ཆ་བཤད།

ལོ46ལ་སླེབས་པའི་ཨ་ཧྥེ་རི་ཁའི་རྒྱུད་པ་ཡིན་པའི་ཨ་རི་བ་ཆའོ་ཀྲི•ཧྥུ་ལོ་དབྱི་ཏེར(GeorgeFloyd)ཉེན་རྟོག་པས་དྲག་ཤུགས་སྤྱད་པ་ལས་ཚེ་ལས་འདས་ནས་གཟའ་འཁོར་གཅིག་འགོར་རྗེས། འདས་པོའི་ཆུང་མ་དང་ལོ6ཅན་གྱི་བུ་མོ་གཉིས་ཐོག་མར་སྤྱི་དམངས་ཀྱི་མིག་ལམ་དུ་ལྷགས་ཏེ། ཁྱིམ་མིའི་སྐྱིད་སྡུག་གླེང་།

ལུའོ་ཤིས“ངའི་རེ་བར་མི་ཚང་མས་ཉེན་རྟོག་པ་དེ་དག་གིས་ང་ཚོའི་ལུས་སྟེང་ནས་ཅི་ཞིག་ཁྱེར་སོང་བ་ཤེས་ན་བསམ། ཉིན་གཅིག་རྫོགས་རྗེས། ཁོ་ཚོ་ཡུལ་ལ་སོང་ནས་ཁྱིམ་མི་དང་མཉམ་འཛོམས་བྱས་ཆོག “ཅི་ཨན་ནཱ(བུ་མོ)ལ་མཚོན་ན་ཨ་ཕའི་འདུག་རོགས་མེད། ཁོས་ནམ་ཡང་ཁོ་མོ་ནར་སོན་པ་དང་སློབ་མཐར་ཕྱིན་པ་མཐོང་མི་སྲིད། ཁོས་ནམ་ཡང་ཁོ་མོ་ས་གདན་དམར་པོ་བརྒལ་བ་མཐོང་མི་སྲིད། ཁོ་མོར་ཨ་ཕ་མཁོ་དུས། ཁོ་མོར་ནམ་ཡང་ཨ་ཕའི་འདུག་རོགས་ཡོད་མི་སྲིད”ཅེས་སེམས་འགུལ་ཚད་མེད་ཐེབས་བཞིན་དེ་ལྟར་བཤད།

གསར་འགོད་པའི་ཚོགས་འདུའི་སྟེང་། ལུའོ་ཤིས་ཀྱིས་ཁོ་གཉིས་ལ་བུ་མོ་བཙས་རྗེས་ཀྱི་དྲན་ཤེས་མཉམ་སྤྱོད་བྱས། “ངས་ཕྲུ་གུ་བཙའ་རན་དུས་ཁོ་གཉིད་ནས་བསྡད་ཡོད། འོན་ཀྱང་ཁོས་བུ་མོའི་ངུ་སྐད་ཐོས་མ་ཐག་གཉིད་ལས་སད་བྱུང་། ང་ལ་ཁོ་རང་གཉིད་ལས་སད་མ་ཐག་བྱིས་པ་པང་བའི་འདྲ་པར་ཞིག་ཡོད། ཁོ་རང་ཁོ་མོར་དགའ། ཁོ་མོར་ཧ་ཅང་དགའ།”

50.png

ས་གནས་དེ་གའི་ཚེས2ཉིན། ཅེ་ཁེ་ཤུན་དང་ཧྥུ་ལུའོ་དབྱི་ཏེའི་ནང་མིས་མཉམ་དུ་སྨྱན་སྦྱོར་བརྒྱུད་ནས་སྐད་ཆ་བཤད། ཅེ་ཁེ་ཤུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཧྥུ་ལུའོ་དབྱི་ཏེ་ཕ་ཡུལ་ཏི་ཁེ་ས་སི་ཀྲོའུ་ཡི་ཤིའུ་སི་ཏུན་གྲོང་ཁྱེར་ནས་མིང་ཉི་སུའུ་ཏ་ཀྲོའུ་མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་དུ་སྤོར་ཡོང་དོན“ཁྱིམ་མིའི་ཁ་གསོ་བ་དང་། ཨ་ཕ་བཟང་བོ་ཞིག་བྱེད་ཆེད་ཡིན”ཟེར།

51.png

གནས་འཕྲིན་ལྟར་ན། ཧྥུ་ལོ་དབྱི་ཏིའི་ནུ་བོ་ཐི་ལུན་སི་ཡུལ་དངོས་སུ་འབྱོར་རྗེས་རང་ཚོད་མ་ཟིན་པས། མི་གཉིས་ཁོའི་ལོགས་གཉིས་སུ་ལངས་ཏེ། ཁོ་སྐྱོར་ནས་ཐང་ལ་མི་འགྱེལ་བ་བྱས། ཡུལ་དངོས་སུ་མེ་ཏོག་དང་། དབུགས་ལྒང་། སྒྲོན་མེ། དྲན་རྟེན་དངོས་པོ་དང་རྒོལ་གཏམ་གྱི་སྦྱར་ཡིག་ཁ་ཤས་སོགས་བསྒྲིགས་ནས་གང་ཞིང་། ཐི་ལུན་སི་ངུ་ཞོར་དུ་པུས་མོ་གཉིས་སར་བཙུགས་ནས་ཚེ་འདས་ཕུ་བོར་སྨོན་ལམ་བཏབ།

52.jpeg

53.jpeg

གནས་འཕྲིན་སྤེལ་བ་ལྟར་ན། སྨོན་ལམ་མཇུག་འགྲིལ་རྗེས། ཐི་ལུན་སིས་རྔམ་སྟོན་པ་ཚོར་ཞི་བའི་རྒོལ་གཏམ་གཏོང་བ་དང་གཏུམ་སྤྱོད་མཇུག་འགྲིལ་ནས་རྒྱུ་རྫས་ལ་གཏོར་བཤིག་གཏོང་མཚམས་འཇོག་དགོས་པའི་རེ་འབོད་བྱས་ཤིང་། དྲག་ཤུགས་ཀྱིས་ཁོའི་ཕུ་བོའི་ཚེ་སྲོག་ཁྱེར་མི་ཐུབ་ཟེར།

“དེ་བས། ང་ཚོས་བྱེད་སྟངས(ངོ་རྒོལ)གཞན་ཞིག་སྤྱོད་དགོས་འདུག” ཐི་ལུན་སིས་བཤད་རྒྱུར། “ང་ཚོས་ང་ཚོའི་སྐད་སྒྲ་གལ་མི་ཆེ་སྙམ་པའི་འདོད་ཚུལ་བསྐྱུར་ཏེ། འདེམ་ཤོག་འཕེན་དུ་འགྲོ། རྒྱུ་མཚན་ནི་ང་ཚོའི་ཁྲོད་ཀྱི་མི་མང་བོ་ཞིག་གིས་ཀྱང་དེ་ལྟར་སྒྲུབ་ངེས་རེད།”

གནས་འཕྲིན་ལྟར་ན། ཐི་ལུན་སིས་ད་དུང་དེ་གར་ཡོད་པའི་མི་ཚོགས་ཀྱི་སྣེ་ཁྲིད་ནས་འབོད་ཚིག་རབ་དང་རིམ་པ་བསྒྲགས་ཤིང་། དེའི་ནང“ཞི་བདེ་གཡོན་དང་། དྲང་བདེན་གཡས་ན་ཡོད”ཅེས་པ་ལྟ་བུ་རེད། NBCཡིས་ཐི་ལུན་སིས་བལྟས་ན། ཞི་བདེ་དང་དྲང་བདེན་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས་སྙམ།

འདས་པོའི་ནུ་བོས་ཐེ་རོན་ཕུ་ལ་ཁ་པར་བཏང་བར་སྣང་མེད་དུ་བཞག

འདས་པོའི་ནུ་བོ་ཧྥེ་ལུའོ་ཉི་སི•ཧྥུ་ལུའོ་དབྱི་ཏེ་ཡིས་ཟླ5པའི་ཚེས30ཉིན་སྨྱན་སྦྱོར་བརྒྱུད་ནས་བཤད་དོན། ཁོང་གིས་དེ་གོང་ཨ་རིའི་སྲིད་འཛིན་ཐེ་རོན་ཕུ་ལ་ཁ་པར་བཏང་བར། ཐ་ན“སྐད་ཆ་བཤད་པའི་གོ་སྐབས་ཀྱང་མི་འདུག”ཟེར།

54.png

ཨ་རིའི་ཝེ་རོན་རྒྱལ་ཡོངས་རླུང་འཕྲིན་ཀུང་སིའི་ལེ་ཚན(MSNBC)ཟླ5པའི་ཚེས30ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཧྥེ་ལུའོ་ཉི་སིས་ཉིན་དེའི་ལེ་ཚན་ནང་ཚེས29ཉིན་ཐེ་རོན་ཕུ་ལ་ཁ་པར་བཏང་བའི་གནས་ཚུལ་ག་འདྲ་ཡིན་ཚུལ་འདྲི་དུས། ཁོས་ཁ་བརྡའི་བརྒྱུད་རིམ“ཧ་ཅང་མགྱོགས”པར་མ་ཟད། ཐ་ན“ཁོས(ཐེ་རོན་ཕུ)ང་ལ་སྐད་ཆ་བཤད་པའི་གོ་སྐབས་ཀྱང་མ་སྤྲད”ཟེར།

“ཧ་ཅང་དཀའ། ངས་ཁོ་དང་སྐད་ཆ་བཤད་རྩིས་བྱས་མོད། འོན་ཀྱང་ཁོས་ཐོག་མཐའ་བར་དུ་ང་ལ་ཕྱིར་འགྱངས་བྱས་སོང་། ངས་ཁྱོད་ཀྱིས་ཅི་བཤད་ལ་ཉན་མི་འདོད”ཟེར། ཧྥེ་ལུའོ་ཉི་སིས་བཤད་རྒྱུར། “ངས་ཁོ་ལ་དྲང་བདེན་སྐྱོང་དགོས་ཞེས་བཤད་པ་ཙམ་ཡིན། ཁོ་ཚོས་ཉི་མ་དཀར་དཀར་ལ་ཉེས་ཆད་སྤྱོད་པ་ངས་ཡིད་ཆེས་མི་ཕོད” ཟེར།

“སྐེ་སྒྲོག” ལོ8ལ་ཐེངས428བྱས་པ་རེད།

ཟླ6པའི་ཚེས1ཉིན། ཆའོ་ཀྲི•ཧྥུ་ལོ་དབྱི་ཏེའི་བེམ་བཤེར་སྙན་ཞུ་ལྟར་ན། ཆའོ་ཀྲི•ཧྥུ་ལོ་དབྱི་ཏེ་དབུགས་འགག་ནས་ཤི་བ་རེད། འོན་ཀྱང་། ཁོའི་དབུགས་འགག་པ་ནི་ཨ་རིའི་ཉེན་རྟོག་པས“མཇིང་པའི་འཆིང་གཅུན”བྱེད་ཐབས་སྤྱད་པ་དེ་རེད། གསལ་བོར་བཤད་ན“སྐེ་སྒྲོག”རྒྱག་སྟངས་དེ་རེད།

55.gif

ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2012ལོ་ནས་བཟུང་། དོན་རྐྱེན་དང་འབྲེལ་བ་ཡོད་པའི་མིང་ཉི་ཨ་པོ་ལི་སི་ཉེན་རྟོག་ཅུས་ཀྱིས་འཛིན་བཟུང་བྱ་སྤྱོད་ཁྲོད་ཉུང་མཐར་ཡང“སྐེ་སྒྲོག”ཐེངས428སྤྱད་པའི་ནང65%ནི་ཨ་ཧྥེ་རི་ཁའི་རྒྱུད་པ་ཡིན་པའི་ཨ་རི་པ་རེད།

བསྡོམས་རྩིས་བྱས་པ་ལྟར་ན། “སྐེ་སྒྲོག”ལག་བསྟར་བྱས་པའི་མི428ཁྲོད་དུ། མ་མཐར་ཡང་མི58ཀྱི་ཚོར་བ་ཉམས་ཤིང་། དེ་ལས་མི33ནི་ཨ་ཧྥེ་རི་ཁའི་རྒྱུད་པ་ཡིན་པ་རེད། གྱོད་དཔེ་མང་ཆེ་བའི་ཁྲོད་དུ་མི་མངོན་པའི་དྲག་ཤུགས་ཀྱི་བྱས་ཉེས་མངོན་མེད།  །


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།