ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དངུལ་ཁང་གིས་སྔོན་དཔག་བྱས་པ་ལྟར་ན་ད་ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར5.2%མར་ཆག་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་དངུལ་ཁང་གིས་ཚེས8ཉིན་ཁྱབ་བསྒྲགས་བྱས་པའི་དུས་ཐེངས་གསར་ཤོས་ཀྱི《གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་རྒྱང་ལྟ་བྱེད་པ》ཞེས་པའི་སྙན་ཞུའི་ནང་བཀོད་པ་ལྟར་ན། སྔོན་དཔག་བྱས་ན་པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཤུགས་རྐྱེན་འོག2020ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར5.2%མར་ཆག་རྒྱུ་ཡིན་ལ་དེ་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ཚུན་གྱི་དཔལ་འབྱོར་ཉམས་རྒུད་འགྲོ་ཚད་ཆེས་ཆེ་ཤོས་སུ་འགྱུར་ངེས་རེད།

 སྙན་ཞུའི་ནང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་གསར་པ་དང་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལས་བྱུང་བའི་དཔལ་འབྱོར“འཕེལ་མཚམས་ཆད་པའི”རྐྱེན་གྱིས། གོ་ལ་ཧྲིལ་བོའི་དཔལ་འབྱོར་དེ2020ལོར་མར་ཆགས་སྲིད་ལ་སྔོན་དཔག་བྱས་ན་མི་རེའི་ཆ་སྙོམས་ཡོང་འབབ3.6%མར་ཆག་ངེས་པ་དང་། ད་ལོ་ནི1870ལོའི་ཚུན་དུ་མི་རེའི་ཆ་སྙོམས་ཐོན་ཚད་མར་ཆག་པའི་དཔལ་འབྱོར་དངོས་ཚན་གྱི་གྲངས་འབོར་ཆེས་ཆེ་ཤོས་ཀྱི་ལོ་ཞིག་རེད། དེའི་ནང་གོ་ལ་ཧྲིལ་པོའི་ཚོང་དོན་དང་། ཡུལ་སྐོར། སྤོམ་ཆེའི་ཚོང་ཟོག་ཕྱིར་གཏོང་། ཕྱི་ཕྱོགས་ཀྱི་མ་དངུལ་བསྡུ་སྒྲིལ་བཅས་ཀྱི་དཔལ་འབྱོར་དངོས་ཚན་ལ་ཤུགས་རྐྱེན་ཆེས་ཆེ་བ་རེད། 

སྙན་ཞུའི་ནང་སྔོན་དཔག་བྱས་པ་ལྟར་ན། ནང་མཁོ་དང་མཁོ་སྤྲོད། ཉོ་ཚོང་། དངུལ་རྩ་བཅས་རྒྱུན་ཆད་པའི་དབང་གིས2020ལོར་དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱི་དཔལ་འབྱོར7%ཇེ་ཉུང་དུ་འགྲོ་རྒྱུ་དང་། དེའི་ནང་ཨ་རི་དང་ཡོ་སྒོར་ཁུལ་དང་འཇར་པན་གྱི་དཔལ་འབྱོར་སོ་སོར6.1%དང་། 9.1%། 6.1%བཅས་མར་ཆག་རྒྱུ་དང་། གསར་དར་ཚོང་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་གྱི་དཔལ་འབྱོར2.5%མར་ཆག་རྒྱུ་རེད། འོན་ཀྱང་ཀྲུང་གོའི་དཔལ་འབྱོར1%འཕར་རྒྱུའི་རེ་བ་ཡོད་པར་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།