ཀྲུང་གོ་བོད་ཀྱི་དྲ་བ།

སི་ཕན་རྒྱལ་ཁབ་ཀྱི་མིང་གྲགས་ཆེ་བའི་སི་ཕན་ཕུའུ་ལ་ཏོ་རྟེན་མཛོད་ཁང་གི་སྒོ་ཡང་བསྐྱར་ཕྱེས།

ཡོང་ཁུངས། : བོད་ལྗོངས་འཕྲིན་དྲ།     སྤེལ་དུས། : 2020-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་དབང་གིས་ཟླ་གསུམ་གྱི་རིང་སྒོ་བརྒྱབ་པའི་སི་ཕན་ཕུའུ་ལ་ཏོ་རྟེན་མཛོད་ཁང་གིས་ཚེས་དྲུག་ཉིན་ཡང་བསྐྱར་སྒོ་ཕྱེས་ཏེ་ལྟ་སྐོར་བར་སྣེ་ལེན་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕུའུ་ལ་ཏོ་རྟེན་མཛོད་ཁང་གིས་གནས་སྐབས་སུ་རྟེན་མཛོད་ཁང་ཡོངས་ཀྱི་སུམ་ཆུའི་གཅིག་གི་སྒོ་ཕྱེས་པ་དང་ལྟ་སྐོར་བ་སྟོང་གཅིག་དང་བརྒྱད་བརྒྱ་སྣེ་ལེན་བྱས་ཆོག

ཕུའུ་ལ་ཏོ་རྟེན་མཛོད་ཁང་དེ་གཅིག་བརྒྱད་གཅིག་དགུ་ལོར་མཱ་ཏི་ལིས་གྲོང་ཁྱེར་ལྟེ་གནས་སུ་འཛུགས་སྐྲུན་བྱས་པ་དང་དེའི་ནང་དུ་རི་མོ་བརྩམས་ཆས་བརྒྱད་སྟོང་དྲུག་བརྒྱ་དང་འཇིམ་རྐོས་བརྩམས་ཆས་བདུན་བརྒྱ་ཉར་ཚགས་བྱས་ཡོད་ལ། དེ་ནི་འཛམ་གླིང་ཡོངས་སུ་ཆེས་ཆེ་བའི་རྟེན་མཛོད་ཁང་ནང་གི་གཅིག་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།