ཀྲུང་གོ་བོད་ཀྱི་དྲ་བ།

ཁ་ཐར་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་འཕར་སྣོན་བྱུང་ཚད་རྒྱུན་མཐུད་སྒོས་ཇེ་དམའ་རུ་འགྲོ་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁ་ཐར་འཕྲོད་བསྟེན་པུའུ་ཡིས་ཚེས་བདུན་ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། ཁ་ཐར་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་འཕར་སྣོན་བྱུང་ཚད་རྒྱུན་མཐུད་སྒོས་ཇེ་དམའ་རུ་འགྲོ་བཞིན་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ཁ་ཐར་རྒྱལ་ཁབ་ཏུ་ཚེས་བདུན་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཅིག་དང་ལྔ་བརྒྱ་གོ་ལྔ་འཕར་སྣོན་བྱུང་བ་དང་།  ཚེས་ལྔ་དང་ཚེས་དྲུག་ཉིན་གཉིས་ལ་སོ་སོར་ནད་པ་སྟོང་གཅིག་དང་བདུན་བརྒྱ་ང་བཞི་དང་སྟོང་གཅིག་དང་བདུན་བརྒྱ་ལ་འཕར་སྣོན་བྱུང་། རྒྱལ་ཁབ་དེར་མིག་སྔར་ངོས་བཟུང་བའི་ནད་པ་བསྡོམས་པས་ཁྲི་དྲུག་དང་སྟོང་བརྒྱད་བདུན་བརྒྱ་དགུ་བཅུ་ཡོད་པ་དང་དེའི་ནང་གི་ནད་པ་ཁྲི་བཞི་དང་སྟོང་བཞི་སུམ་བརྒྱ་སོ་བརྒྱད་དྲག་སྐྱེད་བྱུང་བ་དང་ནད་པ་ང་བཞི་རྐྱེན་ལམ་དུ་ཤོར།

ཁ་ཐར་འཕྲོད་བསྟེན་པུའུ་ཡིས་བཤད་དོན། འཕར་སྣོན་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པའི་ཁྲོད་དུ་ཕྱི་རྒྱལ་གྱི་ཞོར་ལས་པས་སྤྱི་གྲངས་ཀྱི་མང་ཤོས་སུ་ཟིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།