ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་བདེ་འཇགས་སྡེ་ཁག་གིས་ཚེས་བདུན་ཉིན་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་རིང་ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་དབུས་ཤར་ཕྱོགས་མཱ་ལི་པུའུ་ཞིང་ཆེན་ནས་འཁྲུག་རྩོད་བྱས། མིག་སྔར་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགར་རྨས་ཕོག་ཡོད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་པོ་ཞིག་གིས་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་མཱ་ལི་པུའུ་ཞིང་ཆེན་ནུབ་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་བྱས་ཏེ། ཧུའུ་སེ་དྲག་ཆས་པས་ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། སྲིད་གཞུང་དམག་དཔུང་གི་དམག་མི་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཚེས་དྲུག་ཉིན་ནས་བཟུང་དྲག་ཆས་པ་དེའི་མཱ་ལི་པུའུ་ཞིང་ཆེན་ནུབ་ཕྱོགས་ས་ཁུལ་གྱི་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་ཐེངས་བཅུ་ལྷག་བྱས་པར་བཤད་ཀྱང་། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་མིག་སྔར་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།