ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་གཅིག་ལས་བརྒལ།

ཡོང་ཁུངས། : བོད་ལྗོངས་འཕྲིན་དྲ།     སྤེལ་དུས། : 2020-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཡུའེ་ཧན་སི.ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བདུན་ཉིན་བསྒྲགས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ཆེས་གསར་བའི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་གཅིག་ལས་བརྒལ་ཡོད་ཟེར།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་སོ་གསུམ་སྟེང་བར་དུ། ཨ་མེ་རི་ཁའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པ་འབུམ་གཅིག་དང་ཁྲི་གཅིག་ཉེར་བརྒྱད་ལ་སླེབས་ཡོད་ཟེར།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་རུ་བསྡོམས་པས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་འབུམ་དགུ་ཁྲི་གཉིས་སྟོང་བདུན་དང་བཞི་བརྒྱ་ཉེར་བརྒྱད་ཡོད་པ་དང་། རིམས་ནད་ཆེས་ཚབས་ཆེ་བའི་ཉིའི་ཡུའེ་ཀྲིག་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་འབུམ་གསུམ་དང་ཁྲི་བདུན་སྟོང་བརྒྱད་དང་གོ་བདུ་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་གསུམ་དང་སུམ་བརྒྱ་ཉེར་བཞི་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྟོང་ལྔ་ལས་བརྒལ་བའི་ཀྲིག་ད་དུང་ཞིན་ཙིག་ཞི་ཀྲིག་དང་མཱ་ས་ཀྲུའུ་སེ་ཀྲིག པེན་ཞི་ཧྥ་ཉི་ཡ་ཀྲིག དབྱི་ལིས་ནའོ་དབྱི་ཀྲིག་དང་མིས་ཞེ་ཀུན་ཀྲིག་བཅས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།