ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སོ་བདུན་བསད།

ཡོང་ཁུངས། : བོད་ལྗོངས་འཕྲིན་དྲ།     སྤེལ་དུས། : 2020-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་དམག་ཕྱོགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་དྲུག་ཉིན་རྒྱལ་ཁབ་དེའི་ལྷོ་ཕྱོགས་ས་ཁུལ་ནས་ནཱ་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སོ་བདུན་བསད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་བཀོད་འདོམ་དཔོན་པོ་ལཱ་ཅེ་ཡིས་གསར་འགོད་པར་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་ལ་འབྱོར་བའི་གསང་འཕྲིན་ལྟར། རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་པཱ་ཁི་ཨར་ས་ཁུལ་གྱི་ཧུའུ་ཏུའུ་ཨར་གྲོང་རྡལ་གྱི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་སར་དཔུང་འཇུག་བྱས་ཏེ། མགོ་གཙོ་གཅིག་དང་བཅས་པའི་དྲག་ཆས་ཉེས་ཅན་སོ་བདུན་བསད་ཡོད་ཟེར། 

ས་དེའི་སྡོད་དམངས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་དྲག་པོ་བྱས་པས་མི་སེར་དཀྱུས་མར་འཁྲུག་རྩོད་ཁྲོད་ཤི་རྨས་ཐེབས་ཡོད་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་ལ་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ཐེངས་མང་བོར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།