ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ལི་པུ་ཡཱ་ཡིས་ས་དཀྱིལ་མཚོ་ཁོངས་ཤར་མའི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཞིའི་ཉིན་བསྟན་དོན། ཐུར་ཁེ་དང་ལི་པུ་ཡཱ་ཡིས་སྔར་ལས་ལྷག་པའི་སྒོ་ནས་ས་དཀྱིལ་མཚོ་ཁོངས་ཤར་མའི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་སཱ་ལཱ་ཅེ་དང་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་རྒྱ་མཚོའི་མཚོ་ཁོངས་དགར་བའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། དེའི་ནང་རྒྱ་མཚོའི་གཏེར་ཁའི་སྔོག་འདོན་ཐད་ཀྱི་མཉམ་ལས་ཀྱང་འདུས་ཡོད་ཟེར།
ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ལི་པུ་ཡཱའི་སྐྱེལ་འདྲེན་གཏན་འགོག་གི་བྱེད་ཐབས་ཞི་འཇགས་སུ་གཏོང་བར་གྲོས་བསྡུར་བྱས་པ་དང་། ཞོར་དུ་ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ཉེ་སྔོན་དམག་དོན་ཐད་ནས་རྒྱལ་ཁ་བླངས་པར་དགའ་བསུ་ཞུས། 

སཱ་ལཱ་ཅེ་ཡིས་ཐུར་ཁེའི་ཕྱོགས་ལ་བཀའ་དྲིན་ཞུས་པ་དང་། ཐུར་ཁེའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན། 

ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་དམག་ཕྱོགས་ཀྱིས་ཚེས་བཞི་ཉིན་རྒྱལ་ས་ཏི་ལེ་པའོ་ལི་ཚོད་འཛིན་བྱས་པ་ཁྱབ་སྒྲོག་བྱས་པ་དང་། ཤར་ཕྱོགས་ས་ཁུལ་གྱི་དྲག་ཆས་པ་རྒྱལ་དམངས་དམག་དཔུང་ཚང་མ་རྒྱལ་ས་ནས་ཕྱིར་འཐེན་བྱས་ཡོད་ཟེར། 

ཉིས་སྟོང་བཅུ་དགུའི་ལོར་ཐུར་ཁེ་དང་ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ས་དཀྱིལ་མཚོ་ཁོངས་ཀྱི་དོ་དམ་དབང་ཆའི་བཟོད་སྒོམ་བརྗེད་ཐོ་བཀོད་དེ། ས་དཀྱིལ་མཚོ་ཁོངས་ཤར་མ་ནས་སྔར་ལས་ཆེ་བའི་ཆེད་གཏོགས་དཔལ་འབྱོར་ས་ཁུལ་ཐོབ་པར་བརྩོན་ལེན་བྱས་ཀྱང་། ཞི་ལཱ་དང་སེ་ཕུའུ་ལུའུ་སི། ཨེ་ཅིབ་བཅས་ཀྱིས་དོན་དེར་ངོ་རྒོལ་དྲག་པོ་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།