ཀྲུང་གོ་བོད་ཀྱི་དྲ་བ།

གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དབུ་ཚོགས་འཚོགས་འགོ་ཚུགས་པ།​

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(国际)(1)全球疫苗峰会开幕 呼吁携手共抗疾病

 ཟླ6པའི་ཚེས4ཉིན་དབྱིན་ཇིའི་ལོན་ཏོན་གྱི་དབུ་བཞུགས་བློན་ཆེན་པའོ་ལི་སི·གཡོད་ཧན་ཤུན་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དབུ་ཚོགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་པའོ་ལི་སི·གཡོད་ཧན་ཤུན་གྱིས་དྲ་ཐོག་ནས་ཚོགས་འདུར་གཙོ་སྐྱོང་གནང་བའི་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དབུ་ཚོགས་ཀྱི་བརྙན་ལམ་ཚོགས་འདུ་ས་གནས་དེ་གའི་དུས་ཚོད་ཚེས4ཉིན་གྱི་ཆུ་ཚོད་13(པེ་ཅིང་གི་དུས་ཚོད་ཚེས་4ཉིན་གྱི་ཆུ་ཚོད་20པ)ཙམ་ལ་དབྱིན་ཇི་རུ་འཚོགས་འགོ་བརྩམས། དབུ་ཚོགས་ཀྱིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས་ཁག་གིས་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་དགོས་པའི་འབོད་སྐུལ་བཏང་བ་མ་ཟད། མ་དངུལ་གྲབས་གསོག་བྱས་ནས་རིམས་འགོག་སྨན་ཁབ་རྒྱག་པར་རྒྱབ་སྐྱོར་བྱས་ཏེ་ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱས་ཏེ་ཚེ་སྲོག་གང་མང་སྐྱོབ་ཐུབ་པ་བྱ་དགོས་ཞེས་པའི་རེ་བ་བཏོན།

 རྒྱལ་ཁབ་དང་ས་ཁུལ50ལྷག་ནས་ཡོང་བའི་འཐུས་མི་རྣམས་ཐེངས་འདིའི་བརྙན་ལམ་དབུ་ཚོགས་ནང་ཞུགས་པའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་ཀྱི་རིམས་འགོག་མནའ་འབྲེལ(GAVI)ལ་ཉུང་མཐར་ཡང་མ་དངུལ་ཨ་སྒོར་དུང་ཕྱུར74གྲབས་གསོག་བྱ་རྒྱུ་དེ་རེད། འཆར་གཞི་ལྟར་ན་དབུ་ཚོགས་འདི་ཉིན་དེར་མཇུག་སྒྲིལ་བ་རེད།

(国际)(2)全球疫苗峰会开幕 呼吁携手共抗疾病

 ཟླ6ཚེས4ཉིན་དབྱིན་ཇིའི་ལོན་ཏོན་གྱི་དབུ་བཞུགས་བློན་ཆེན་པའོ་ལི་སི·གཡོད་ཧན་ཤུན་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དབུ་ཚོགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

 གཡོད་ཧན་ཤུན་གྱིས་གཏམ་བཤད་སྤེལ་སྐབས། ཐེངས་འདིའི་དབུ་ཚོགས་ནི་འཛམ་གླིང་ཡོངས་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་ནད་ཡམས་ལ་འགོག་རྒོལ་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པ་དང་། དབྱིན་ཇིས་མ་འོངས་པའི་ལོ5ཡི་ནང་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་ཀྱི་རིམས་འགོག་མནའ་འབྲེལ་ལ་མུ་མཐུད་དུ་དབྱིན་སྒོར་དུང་ཕྱུར16.5(ཨ་སྒོར་དུང་ཕྱུར20.7)ཡི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། ཁོས་རྒྱལ་ཁབ་ཁག་ལ་མ་དངུལ་གྲབས་གསོག་བྱ་རྒྱུ་དང་ལག་གདང་མཉམ་སྦྲེལ་སྒོས་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་མཉམ་ལས་ཀྱི་དུས་རབས་གསར་པ་བཏོད་དེ་གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་གི་ཐད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་།

 ཚེས4ཉིན་དབྱིན་ཇི་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་དོན། རྒྱལ་ཁབ་སོ་སོས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་ཀྱི་རིམས་འགོག་མནའ་འབྲེལ་ལ་གྲབས་གསོག་བྱས་པའི་མ་དངུལ་དེ་དག2025ལོའི་བར་ཆེས་དབུལ་པོའི་རྒྱལ་ཁབ་ཀྱི་བྱིས་པ་དུང་ཕྱུར3ལ་རྒྱུངས་སྐྱའི་གཉན་ཚད་དང་། མགྲིན་པའི་ནད། སིབ་བུའི་ནད་སོགས་ཀྱི་རིམས་འགོག་སྨན་ཁབ་རྒྱག་རྒྱུ་དང་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་རྒྱུན་གཏན་གྱི་རིམས་འགོག་སྨན་ཁབ་རྒྱག་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་རྒྱུའི་ཐད་ལ་བཀོལ་རྒྱུ་རེད།

(国际)(3)全球疫苗峰会开幕 呼吁携手共抗疾病

 ཟླ6ཚེས4ཉིན་དབྱིན་ཇིའི་ལོན་ཏོན་གྱི་དབུ་བཞུགས་བློན་ཆེན་པའོ་ལི་སི·གཡོད་ཧན་ཤུན་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དབུ་ཚོགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས། གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་རིམས་འགོག་མནའ་འབྲེལ་བཅས་ཀྱིས་དེ་སྔ་ཐ་ཚིག་བསྒྲགས་པ་ལྟར་ན། པྲོག་གསར་གློ་ཚད་ཀྱིས་རིམས་ནད་གསར་པ་དེས་རྒྱུན་གཏན་གྱི་རིམས་འགོག་སྨན་ཁབ་རྒྱག་པར་འགོག་རྐྱེན་བཟོས་པ་དང་རྒྱལ་ཁབ་བཅུ་ཕྲག་ཁ་ཤས་ཀྱི་ལོ1མན་གྱི་བྱིས་པ་ཁྲི8000ལྷག་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།