ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཐོག2021ལོའི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“འཛམ་གླིང་བསྐྱར་དར”ཡིན་ཞེས་ཁྱབ་བསྒྲགས་བྱས་པ།​

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་པུའུ་རེ་ནེ་ཝར་གནས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཚེས3ཉིན2021ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ལོ་ཚོགས་ཀྱི་བརྗོད་དོན“འཛམ་གླིང་བསྐྱར་དར”ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། རེབ་འདིའི་ལོ་ཚོགས་ནི་དྲ་རྒྱ་དང་ཡུལ་དངོས་ཀྱི་རྣམ་པའི་སྟེང་ནས་འཚོག་རྒྱུ་རེད། 

 སྐབས51པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་དེ2021ལོའི་ཟླ་དང་པོར་འཚོག་རྒྱུ་རེད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཚེས3ཉིན་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ནང་ངོ་སྤྲོད་བྱས་དོན། “འཛམ་གླིང་བསྐྱར་དར”གྱི་དམིགས་ཚད་འདིས་འཛམ་གླིང་ཁྱབ་ཁོངས་ནང་དཔལ་འབྱོར་དང་སྤྱི་ཚོགས་མ་ལག་རྨང་གཞི་རུ་གཏོང་བར་ཐུན་མོང་ཐོག་མགྱོགས་མྱུར་སྒོས་འཛུགས་ཅི་ཐུབ་བྱས་ནས་དྲང་གཞག་དང་། རྒྱུན་མཐུད། མཉེན་ཆ་ལྡན་པ་བཅས་ཀྱི་འབྱུང་འགྱུར་ཞིག་གཏོད་པར་འབད་པ་བྱེད་དགོས།

 འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྲོལ་གཏོད་པ་དང་ལག་བསྟར་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲིར་དང་ལེན་བྱེད་སྐབས། རེབ་འདིར་སུའེ་ཙེར་གྱི་ཏ་ཝོ་སི་རུ་འཚོགས་པའི་ཡུལ་དངོས་གྲོས་ཚོགས་ནི་ཧ་ཅང་གལ་ཆེན་བ་རེད། དེས་གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉེན་ཁ་གསར་བ་ལས་ཐར་ཅི་ཐུབ་བྱས་ཏེ་མ་འོངས་འཛུགས་སྐྲུན་ལ་དམིགས་པ་ཡིན་ལ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་སུའེ་ཙེར་སྲིད་གཞུང་དང་མཉམ་དུ་སྤྱི་ཚོགས་འབྲེལ་བ་སྲུང་འཛིན་བྱེད་ཅི་ཐུབ་བྱས་ནས་རེབ་འདིའི་ཚོགས་འདུ་བདེ་འཇགས་ངང་འཚོགས་པར་ཁག་ཐེག་བྱེད་དགོས་ཟེར།

 རྒྱལ་སྤྱིའི་དངུལ་ལོ་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་པ་ཀེ་ཨོར་ཅི་ཡེ་ཝ་ཡིས་ཀྱང་བསྟན་དོན། རིམས་ནད་ཀྱི་གནས་ཚུལ་འདྲ་མཉམ་མིན་པར་འགྱུར་སྲིད་ནའང་ཉམས་ཞན་ཚོགས་པའི་ཁེ་ཕན་གྱི་ཆེད་དུ་འཕེལ་རྒྱས་ཀྱི་གོ་སྐབས་དང་སློབ་གསོའི་ཐོན་ཁུངས་འདྲ་མཉམ་ངང་ལོངས་སུ་སྤྱོད་ཐུབ་པ་བྱུང་ཚེ། རིམས་ནད་བྱུང་རྗེས་ཀྱི་འཛམ་གླིང་ནི་སྔར་ལས་མཚར་སྡུག་འོད་སྟོང་འབར་ངེས།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།