ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་ནོ་ལིར་སི་ཁེ་རུ་ཁྲའེ་སྣུམ་ཕྱིར་ཤོར་བའི་དོན་རྐྱེན་ལ་ཕུའུ་ཅིན་གྱིས་གྲོང་ཁྱེར་དེ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཛ་དྲག་གནས་ཚུལ་ཁྲོད་ཚུད་པར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ནོ་ལིར་སི་ཁེ་གྲོང་ཁྱེར་གྱི་ཚ་ཤུགས་གློག་ཁང་ཞིག་ལ་ཉིན་ཤས་གོང་ཁྲའེ་སྣུམ་ཕྱིར་བརྡོལ་པའི་ལས་འཛོལ་ཐོན་པར་དམིགས་ནས། ཚེས་གསུམ་ཉིན།ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་གྲོང་ཁྱེར་དེ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཛ་དྲག་གནས་ཚུལ་ཁྲོད་ཚུད་པར་ཆོག་མཆན་བཀོད།

ཁི་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ནས་སྤེལ་བའི་སྤྱི་བསྒྲགས་ལྟར་ན། དེ་ཉིན་ཕུའུ་ཅིན་གྱིས་ལས་འཛོལ་བཟོ་མཁན་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་ལྷན་དུ་བརྙན་ལམ་ཚོགས་འདུ་འཚོགས་ནས། ཁྲའེ་སྣུམ་ཕྱིར་བརྡོལ་བའི་ལས་འཛོལ་ཐག་གཅོད་བྱེད་ཐབས་ལ་གྲོས་བསྡུར་བྱས་པ་རེད། ཨུ་རུ་སུའི་ཛ་དྲག་ཆེ་བའི་གནས་ཚུལ་པུའུ་ཀྲང་ཅི་ཉི་ཆེ་ཕུའུ་ཡིས་ས་ཁུལ་དེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཛ་དྲག་གནས་ཚུལ་ལག་བསྟར་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། ཕུའུ་ཅིང་གིས་དེའི་ཐད་མོས་མཐུན་གནང་ཡོད་འདུག

གནས་ཚུལ་སྤེལ་བར་གཞིགས་ན། ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན། ཨུ་རུ་སུའི་ཁེ་ལ་སི་ནུའོ་ཡར་སི་ཁེའི་མཐའ་མཚམས་ས་ཁུལ་གྱི་ནོ་ལིར་སི་ཁེ་གྲོང་ཁྱེར་གྱི་ཚ་ཤུགས་གློག་ཁང་ཞིག་ཏུ་ཁྲའེ་སྣུམ་ཕྱིར་བརྡོལ་བའི་ལས་འཛོལ་བྱུང་ནས། ཁྲའེ་ཡིའུ་སྣུམ་ཏུན་ཁྲི་གཉིས་ཙམ་སར་ཟགས་པ་དང་། ས་གནས་དེ་གའི་ས་རྒྱུ་དང་ཆུ་བོར་སྦགས་བཙོག་བཟོས། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་རང་བྱུང་ཐོན་ཁུངས་བེད་སྤྱོད་ལྟ་སྐུལ་ཅུའུ་ཡི་དཔོན་རིགས་ཀྱིས། ཁྲའེ་སྣུམ་ཕྱིར་བརྡོལ་བའི་ལས་འཛོལ་དེས་ས་གནས་དེ་གའི་གཙང་པོའི་སྦགས་བཙོག་ལ་ཚད་མི་འདྲ་བའི་སྒོ་ནས་གནོད་སྐྱོན་ཆེན་པོ་བཏང་ཡོད་ཟེར།

ས་གནས་དེ་གའི་སྲིད་གཞུང་གིས་བཤད་པ་ལྟར་ན། ད་ཐེངས་ཀྱི་ལས་འཛོལ་ལས་འཐུང་ཆུར་སྦགས་བཙོག་བཟོས་མེད་མོད། འོན་ཀྱང་ལུའུ་པུའུ་དུང་ཕྱུར་བརྒྱ་ཕྲག་ཁ་ཤས་ལ་གྱོང་གུན་ཕོག་རྒྱུ་རེད་ཅེས་བཤད། གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་ དོན་རྐྱེན་དེར་ཉེས་གསོག་བརྟག་དཔྱད་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།