ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྤྱི་ཁོག་ནས་བརྟན་བརླིང་ཡིན་པ་དང་། རྒྱལ་ཁབ་མང་པོས་མུ་མཐུད་དུ་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྐོར་ཞིག་མེད་པར་བཟོས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་གནས་བབ་ཚེས་གཉིས་ཉིན་སྤྱི་ཁོག་ནས་བརྟན་བརླིང་ཡིན་པ་དང་། ཝུའུ་ཁི་ལན་དང་ཧ་སག་སི་ཐན་སོགས་རྒྱལ་ཁབ་ཀྱིས་མུ་མཐུད་དུ་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྐོར་ཞིག་མེད་པར་བཟོས།

ཨུ་རུ་སིའི་རིམས་འགོག་བཀོད་འདོམས་པུའུ་ཡིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། འདས་པའི་དུས་ཚོད་ཉེར་བཞིའི་རིང་ཨུ་རུ་སིའི་གསར་དུ་བྱུང་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ནད་པ་ཁ་གྲངས་སྟོང་བརྒྱད་དང་བརྒྱད་བརྒྱ་རེ་གསུམ་ལ་སླེབས་པ་དང་། བསྡོམས་པས་ནད་པ་འབུམ་བཞི་ཁྲི་གཉིས་སྟོང་གསུམ་བདུན་བརྒྱ་ཞེ་གཅིག་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་བརྒྱ་དང་གྱ་གཉིས་ལ་སླེབས་པ་དང་། བསྡོམས་པས་མི་སྟོང་ལྔ་དང་སོ་བདུན་ལ་སླེབས་ལ། དྲག་སྐྱེད་བྱུང་བའི་ནད་པའི་ཁ་གྲངས་ཁྲི་གཅིག་དང་སྟོང་གཅིག་བརྒྱད་ལ་སླེབས་ནས། བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་བརྒྱད་སྟོང་དྲུག་དགུ་བརྒྱ་གྱ་ལྔར་སླེབས་ཡོད་ཟེར།

ཡཱ་མེ་ཉི་ཡ་རྒྱལ་ཁབ་རིམས་འགོག་ལྟེ་གནས་ཚེས་གཉིས་ཉིན་བཤད་རྒྱུར། ཡཱ་མེ་ཉི་ཡའི་ཉིན་གཉིས་ཉིན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ལྔ་བརྒྱ་དང་བཅུ་བདུན་ལ་སླེབས་པ་དང་། བསྡོམས་པས་ནད་པའི་ཁ་གྲངས་ཁྲི་གཅིག་དང་དགུ་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་ང་བརྒྱད་ལ་སླེབས་པ་དང་། དྲག་སྐྱེད་བྱུང་བའི་ནད་པ་སྟོང་གསུམ་དང་བཞི་བརྒྱ་ཉེར་བདུན་ལ་སླེབས།

ཝུའུ་ཁི་ལན་འཕྲོད་བསྟེན་པུའུ་ཡིས་ཚེས་གཉིས་ཉིན་བསྒྲགས་པའི་རིམས་ནད་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་དུས་ཚོད་ཉེར་བཞིའི་རིང་གི་གསར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ་སུམ་བརྒྱ་དང་ཉེར་བརྒྱད་ཡོད་པ་དང་། བསྡོམས་པས་ཁྲི་གཉིས་དང་སྟོང་བཞི་སུམ་བརྒྱ་བཞི་བཅུ་ལ་སླེབས་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་དགུ་ལ་སླེབས་པ་དང་། དྲག་སྐྱེད་བྱུང་བའི་ནད་པ་སུམ་བརྒྱ་དང་གྱ་བརྒྱད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།