ཀྲུང་གོ་བོད་ཀྱི་དྲ་བ།

མེ་གླིང་དབུས་མ་དང་མེ་གླིང་ལྷོ་མ་ནི་མིག་སྔར་པྲོག་དབྱིབས་ནད་དུག་འགོས་ཁྱབ་ཏུ་འགྲོ་བའི་ས་ཁུལ་དུ་གྱུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་དྲུག་པའི་ཚེས་གཅིག་ཉིན་བཤད་དོན། མེ་གླིང་དབུས་མ་དང་མེ་གླིང་ལྷོ་མ་ནི་མིག་སྔར་པྲོག་དབྱིབས་ནད་དུག་འགོས་ཁྱབ་ཏུ་འགྲོ་བའི་ས་ཁུལ་དུ་གྱུར་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་ས་ཁུལ་དེས་རིམས་འགོག་བྱེད་པར་རོགས་རམ་བྱེད་དགོས་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོ་བསྟེན་བྲེལ་མྱུར་ལས་གཞིའི་ལག་བསྟར་ཀྲུའུ་རིན་རོས་ཨན་གྱིས་ཉིན་དེར་གསར་འགོད་པའི་ཚོགས་ཐོག་ཏུ་བཤད་དོན། མེ་གླིང་དབུས་མ་དང་མེ་གླིང་ལྷོ་མ་ནི་པྲོག་དབྱིབས་ནད་དུག་འགོས་ཁྱབ་ཏུ་འགྲོ་བའི་ས་ཁུལ་དུ་གྱུར་ཡོད་ལ། རིམས་ནད་ཧ་ཅང་ཚབས་ཆེ་བའི་དུས་སྐབས་སུ་ད་དུང་ཐོན་མེད་པ་དང་། མིག་སྔར་ས་ཁུལ་དེའི་རིམས་ནད་ཚབས་ཆེ་བའི་དུས་སྐབས་ནམ་ཞིག་ལ་ཐོན་པ་སྔོན་དཔག་བྱེད་དཀའ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་ལྟར་ན། འདས་པའི་དུས་ཚོད་ཉེར་བཞིའི་ནང་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་འཕར་སྣོན་བྱུང་བ་ཡར་ཞུ་བྱས་པའི་རྒྱལ་ཁབ་བཅུའི་ནང་གི་རྒྱལ་ཁབ་ལྔ་ནི་མེ་གླིང་གི་ཡིན་ལ། དེའི་ནང་དུ་པ་ཞི་དང་ཨ་མེ་རི་ཁ་སོགས་ཡོད་ཟེར།

རོས་ཨན་བཤད་དོན།  མེ་གླིང་གི་རྒྱལ་ཁབ་ཁ་ཤས་ཀྱིས་རིམས་འགོག་ཕྱོགས་སུ་སྲིད་གཞུང་ཡོངས་དང་སྤྱི་ཚོགས་ཡོངས་ཞུགས་པའི་བྱེད་ཐབས་སྤྱད་པ་དང་།  རྒྱལ་ཁབ་ཁ་ཤས་ཀྱིས་སྔར་བཞིན་མཐོང་ཆེན་བྱེད་ཀྱིན་མེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་རིམས་འགོག་ཐད་ལ་ནུས་གང་ཡོད་འདོན་དགོས་པ་དང་། རྒྱལ་ཁབ་དེ་དག་གིས་པྲོག་གསར་རིམས་ནད་འགོག་བཅོས་ཐད་ནས་རྒྱལ་ཁ་ལེན་པར་རོགས་རམ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།