ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་སྲིད་གཞུང་མཉམ་འབྲེལ་བྱ་བའི་ཚན་ཁག་གིས་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་དང་བརྗེ་རེས་མཛུབ་སྟོན་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས་ཕྱིར་རང་རྒྱལ་དུ་ལོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་སྲིད་གཞུང་མཉམ་འབྲེལ་བྱ་བའི་ཚན་ཁག་གིས་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་དང་བརྗེ་རེས་མཛུབ་སྟོན་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས། ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ཕྱིར་རང་རྒྱལ་དུ་ལོག ཐ་ཅི་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིག་པེན་དང་ཐ་ཅི་ཁི་སི་ཐན་འཕྲོད་བསྟེན་པུའུ་དང་ཕྱི་འབྲེལ་པུའུ། རྒྱལ་ས་ཏུའུ་ཧྲང་པེ་གྲོང་ཁྱེར་སྲིད་གཞུང་སོགས་ལས་ཁུངས་ཀྱི་དཔོན་རིགས་རྣམས་ཏུའུ་ཧྲང་པེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་སོང་ནས་སྐྱེལ་མ་བྱས།

ཐ་ཅི་ཁི་སི་ཐན་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པོ་ཝུའུ་མ་ཨར་ཙོ་ཏ་ཡིས་ཤིས་ཚིག་འབུལ་སྐབས་བཤད་དོན། ཀྲུང་གོ་སྲིད་གཞུང་མཉམ་འབྲེལ་བྱ་བའི་ཚན་ཁག་གིས་ཐ་ཅི་ཁི་སི་ཐན་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་དང་སྨན་བཅོས་བྱ་བའི་ཐད་ལ་རིན་ཐང་བྲལ་བའི་མཛུབ་སྟོན་བསམ་འཆར་བཏོན་ཏེ། ཐ་ཅི་ཁི་སི་ཐན་རྒྱལ་ཁབ་རིམས་འགོག་ལས་རྣམ་པར་རྒྱལ་བའི་ཆོད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་བཏང་བས། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་བཀའ་དྲིན་ཆེ་ཞུ་བ་ཡིན། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་པོ་བྱས་ཏེ་རིམས་འགོག་ལས་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་པར་མ་ཟད། དེ་གོ་སྐབས་སུ་བཟུང་སྟེ་རྒྱལ་ཁབ་གཉིས་ཀྱིས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་འདོད་ཡོད་ཟེར།

ལིག་པེན་གྱིས་བཤད་དོན། བྱ་བའི་ཚན་ཁག་གིས་ཐ་ཅི་ཁི་སི་ཐན་དུ་རིམས་འགོག་བྱ་བ་བསྒྲུབས་པ་དེས་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་བར་གྱི་མཛའ་བཤེས་འབྲེལ་བ་ཇེ་ཟབ་ཏུ་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་ཆེན་པོ་བཏོན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།