ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་བཅུ་དགུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ལི་ཧྥ་དབྱེ་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཞི་ནེ་བྱང་མ་ཞིང་ཆེན་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་འཇིགས་སྐུལ་ཉེས་ཅན་བཅུ་དགུ་བསད་པ་དང་། བདེ་འཇགས་དམག་དཔུང་གི་མི་སྣ་བཞི་འགུལ་སྐྱོད་ཁྲོད་ཚེ་ལས་འདས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཞི་ནེ་བྱང་མ་ཞིང་ཆེན་གྱི་ཨ་ཨར་པཱ་པུའུ་ཏི་དང་ཞེ་ཧི་ཙུའུ་ཝེ་ཏི། ལཱ་ཧྥ་བཅས་གྲོང་ཁྱེར་གསུམ་གྱི་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་སར་གློ་བུར་དུ་འཇབ་རྒོལ་བྱས་ཏེ། འཇིགས་སྐུལ་ཉེས་ཅན་གསུམ་བསད་པ་དང་། འགས་གཏོར་སྒྲིག་ཆས་ལྔ་གཏོར་བ་དང་མེ་མདའ་དང་ལག་འབོམ་སོགས་སྐོར་ཞིག་གཞུང་བཞེས་བྱས། དེ་ལས་གཞན། བདེ་འཇགས་དམག་དཔུང་གིས་ཞི་ནེ་བྱང་མ་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་བྱེད་སྐབས་འཇིགས་སྐུལ་ཉེས་ཅན་བཅུ་དྲུག་བསད་པ་དང་། འགས་གཏོར་སྒྲིག་ཆས་ཉར་སའི་མཛོད་ཁང་གཅིག་དང་འཇིགས་སྐུལ་ཉེས་ཅན་གྱིས་བེད་སྤྱོད་བྱེད་པའི་རླངས་འཁོར་གཉིས་འགས་གཏོར་བཏང་ཡོད་པ་རེད། 

གསལ་སྒྲོག་ལས་གོང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་དེ་སྤེལ་བའི་བྱེ་བྲག་གི་དུས་ཚོད་གླེང་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།