ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་དྲུག་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་སུམ་ཅུ་ཉིན་བསྒྲགས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ཆེས་གསར་བའི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་དྲུག་ལས་བརྒལ་ཟེར།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་སོ་གཉིས་སྟེང་། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་དྲུག་དང་སྟོང་གསུམ་བདུན་བརྒྱ་རེ་གཉིས་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་གསུམ་དང་ཁྲི་དྲུག་སྟོང་བདུན་སུམ་བརྒྱ་ང་དྲུག་ལ་སླེབས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ནི་རིམས་ནད་ཆེ་ཛ་དྲག་ཡིན་པའི་རྒྱལ་ཁབ་ཡིན་པ་དང་། བསྡོམས་པས་རིམས་ནད་འགོས་པའི་ནད་པའི་གྲངས་ཀ་ས་ཡ་གཅིག་དང་འབུམ་བདུན་ཁྲི་དྲུག་སྟོང་བཞི་དྲུག་བརྒྱ་དོན་གཅིག་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་གྲངས་ཀ་འབུམ་གཅིག་སྟོང་གསུམ་དྲུག་བརྒྱ་ལྔ་ལ་སླེབས། རིམས་ནད་འགོས་པའི་ནད་པའི་གྲངས་ཀ་འབུམ་གཉིས་ལས་བརྒལ་བའི་རྒྱལ་ཁབ་ད་དུང་པ་ཞི་དང་ཨུ་རུ་སི། དབྱིན་ཇི། སི་ཕན། དབྱི་ཐ་ལི་བཅས་ཡོད། དེ་ལས་གཞན། ཧྥ་རན་སི་དང་འཇར་མན། རྒྱ་གར་དང་ཐུར་ཁེ་བཅས་ཀྱི་རིམས་ནད་འགོས་པའི་ནད་པའི་གྲངས་ཀ་འབུམ་གཅིག་དང་ཁྲི་ལྔ་ལས་བརྒལ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།