ཀྲུང་གོ་བོད་ཀྱི་དྲ་བ།

སེར་ཝེ་ཡཱའི་ཙུང་ཐུང་གིས་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ་ཀྲུང་གོའི་ཕྱོགས་ཀྱིས་ཞང་ཀང་གནད་དོན་ཐད་ནས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : གངས་ལྗོངས་མེ་ལོང་དྲ་བ།   རྩོམ་པ་པོ། : ལོ་ཙཱ་བ།བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་སྔོན། སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་ཆོད་དོན་ལ་གྲོས་འཆམ་བྱུང་བར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། ཝུའུ་ཆི་ཆི་ཡིས་བཤད་རྒྱུར། སེར་ཝེ་ཡཱ་སྒེར་ཚུགས་ཀྱི་བདག་དབང་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་བདག་དབང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་བཞིན་ཡོད། སེར་ཝེ་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་གར་སྟེགས་སྟེང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་དང་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་བཞིན་ཡོད། སེར་ཝེ་ཡཱ་ཕྱོགས་ཀྱིས་ཀྲུང་གོས་བདག་དབང་ལ་སྲུང་སྐྱོབ་བྱེད་པ་དང་མངའ་ཁོངས་ཆ་ཚང་ཡོང་བ། རྒྱལ་ཁབ་བདེ་འཇགས་ཡོང་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཞང་ཀང་གནད་དོན་ཐད་ནས་མཁས་མཛངས་ཀྱི་ཆོད་དོན་སྤེལ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཀྲུང་གོའི་གཅིག་གྱུར་ལ་གཏོར་བརླག་བྱེད་འདོད་པའི་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་གཏོང་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཏུ། ཀྲུང་གོ་དང་ཀྲུང་གོའི་མི་དམངས་མུ་མཐུད་དུ་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་སྨོན་འདུན་ཞུ་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།