ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་རྗེས་སུ་སྣུར་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱས་དོན། སྔོན་ཟླ་བདུན་པར་འཚོགས་རྒྱུར་གཏན་འཁེལ་བྱས་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་རྗེས་སུ་སྣུར་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་བསྒྲགས་པའི་སྤྱི་སྒྲོག་ལས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གནས་བབ་ཛ་དྲག་ཡིན་པ་དང་། རྒྱལ་ཁབ་སོ་སོས་སྤྱད་པའི་རིམས་འགོག་བྱེད་ཐབས་ལ་བསམ་བློ་བཏང་སྟེ། ཨུ་རུ་སིའི་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་རྗེས་སུ་སྣུར་རྒྱུ་ཐག་བཅད་པ་དང་། དུས་ཚོད་གསར་བ་དེ་རིམས་ནད་ཀྱི་གནས་བབ་ལ་གཞིགས་ནས་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་འབྲེལ་ཡོད་མི་སྣས་བཤད་རྒྱུར། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ད་ལོའི་སྟོན་ཁའི་བར་རྗེས་སུ་སྣུར་ངེས་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།