ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཟླ་དྲུག་པའི་ཚེས་ཉེར་བཞིའི་ཉིན་རྒྱལ་ཁའི་ཉིན་མོའི་དམག་གཟིགས་མཛད་སྒོ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200527111737XtTQ.jpg

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། ཨུ་རུ་སིའི་མའོ་སི་ཁི་ཀྲིག་གི་ཨོ་ཅཱ་ལེའོ་བོ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱེ་ཀུའུ་གཉིས་ཀྱིས་བརྙན་རིས་གྲོས་མོལ་བྱས། 

20200527111754jjqO.jpg

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། ཨུ་རུ་སིའི་མའོ་སི་ཁི་ཀྲིག་གི་ཨོ་ཅཱ་ལེའོ་བོ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱེ་ཀུའུ་གཉིས་ཀྱིས་བརྙན་རིས་གྲོས་མོལ་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་ཟླ་དྲུག་པའི་ཚེས་ཉེར་བཞིའི་ཉིན་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འགོར་བར་རྗེས་དྲན་བྱེད་པའི་དམག་གཟིགས་མཛད་སྒོ་སྤེལ་རྒྱུ་ཡིན་ཟེར། 

ཕུའུ་ཅིན་གྱིས་ཉིན་དེར་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱེ་ཀུའུ་དང་མཉམ་དུ་བརྙན་རིས་གྲོས་ཚོགས་བསྡུས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཁོས་རྒྱལ་སྲུང་པུའུ་ཡིས་མའོ་སི་ཁི་དང་གྲོང་ཁྱེར་གཞན་པས་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འགོར་བར་རྗེས་དྲན་བྱེད་པའི་དམག་གཟིགས་བྱ་བར་གྲ་སྒྲིག་བྱེད་པའི་མཛུབ་སྟོན་བྱས། 

ཕུའུ་ཅིན་གྱིས་བཤད་རྒྱུར། དམག་གཟིགས་མཛད་སྒོའི་དུས་ཚོད་ནི་ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་ལ་གཏན་འཁེལ་བྱས་ཡོད། གཅིག་སྟོང་དགུ་བརྒྱ་ཞེ་ལྔ་ལོའི་ཉིན་དེར་སུའུ་ལེན་གྱི་དམར་དམག་གིས་མའོ་སི་ཁིའི་དམར་ཐང་ནས་རྒྱལ་ཁའི་དམག་གཟིགས་མཛད་སྒོ་སྤེལ་བ་རེད་ཟེར། ཕུའུ་ཅིན་གྱིས་བདེ་འཇགས་ཆ་རྐྱེན་དང་འཚམ་ན་ཟླ་བདུན་པའི་ཆེས་མཇུག་མཐའི་གཟའ་ཉི་མར་མཚོ་དམག་དུས་ཆེན་གྱི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། གལ་ཏེ་བདེ་འཇགས་ཆ་རྐྱེན་དང་མི་འཚམ་ན་མུ་མཐུད་དུ་ཡུན་བསྲིང་རྒྱུ་ཡིན་ཟེར། 

ཕུའུ་ཅིན་གྱིས་ད་རུང་བསྟན་དོན། ཁོས་རྒྱུས་ལོན་བྱས་པའི་ཆེད་མཁས་པའི་བསམ་འཆར་ལས་ཨུ་རུ་སིའི་རིམས་ནད་ཀྱི་མཐོ་རླབས་མཇུག་རྫོགས་ཡོད་པར་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།