ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཐཱ་ལེ་པན་གྱི་བཀག་འཇུག་མི་སྣ་བརྒྱ་བཙོན་གྲོལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་ལྔ་ཉིན་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཉིན་དེར་ཐཱ་ལེ་པན་གྱི་བཀག་འཇུག་མི་སྣ་བརྒྱ་བཙོན་གྲོལ་བཏང་ནས་མཛའ་མཐུན་གྱི་རྣམ་འགྱུར་བསྟན།

ཨ་ཧྥུའུ་ཧན་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཧྥེ་སཱ་ཨར་གྱིས་དྲ་ཐོག་ནས་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཚེས་ཉེར་ལྔ་ཉིན་པཱ་ཀི་ལཱ་མུའུ་བཙོན་ཁང་དུ་བཀག་འཇུག་བྱས་ཡོད་པའི་ཐཱ་ལེ་པན་གྱི་མི་སྣ་བརྒྱ་བཙོན་གྲོལ་བཏང་སྟེ། དེ་ལས་ཞི་བདེའི་ཐད་བརྩོན་པའི་མཛའ་མཐུན་གྱི་རྣམ་འགྱུར་བསྟན་ཡོད་ཟེར། 

ཐཱ་ལེ་པན་གྱིས་ཚེས་ཉེར་གསུམ་ཉིན་གྱི་ནམ་གུང་ཁྱབ་སྒྲོག་བྱས་དོན། ཚེས་ཉེར་བཞི་ཉིན་ནས་བཟུང་སྨྱུང་གྲོལ་དུས་ཆེན་གྱི་སྐབས་སུ་ཨ་ཧྥུའུ་ཧན་སྲིད་གཞུང་བར་དུས་ཡུན་ཉིན་གསུམ་གྱི་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་ཟེར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཐཱ་ལེ་པན་གྱི་གསལ་སྒྲོག་དེར་དགའ་བསུ་ཞུས་པར་མ་ཟད། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་ཀྱང་ཉིན་གསུམ་རིང་འཁྲུག་རྩོད་མཚམས་འཇོག་རྒྱུའི་མཛུབ་སྟོན་གནང་། ཚེས་ཉེར་བཞིའི་ཉིན་ཅཱ་ནེ་ཡིས་ཐཱ་ལེ་པན་གྱི་བཀག་འཇུག་མི་སྣ་སྟོང་གཉིས་བཙོན་གྲོལ་གཏོང་རྒྱུ་ཁྱབ་སྒྲོག་བྱས་ཏེ་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་བཏང་། ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་སྲིད་གཞུང་གི་ཆོད་དོན་དེར་དགའ་བསུ་ཞུས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།