ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཟླ་དྲུག་པའི་ཚེས་བརྒྱད་ཉིན་མེ་འཁོར་སྐྱེལ་འདྲེན་སླར་གསོ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་འཕྲོད་བསྟེན་པུའུ་དང་འགྲིམ་འགྲུལ་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཉིན་དེ་ནས་བཟུང་རྒྱལ་ཁབ་དེའི་སྤྱི་སྤྱོད་རླངས་འཁོར་དག་གིས་ཐེངས་གཅིག་ལ་ཐེག་ཚད་མི་གྲངས་ཀྱི་བརྒྱ་ཆའི་ཉེར་ལྔ་ནས་བརྒྱ་ཆའི་དོན་ལྔའི་བར་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། མེ་འཁོར་སྐྱེལ་འདྲེན་དེ་ཟླ་དྲུག་པའི་ཚེས་བརྒྱད་ཉིན་ཕྱོགས་ཡོངས་ནས་སླར་གསོ་བྱེད་རྒྱུ་ཡིན་ཟེར། 

དབྱི་སི་རལ་གྱི་འཕྲོད་བསྟེན་པུའུ་དང་རིག་གནས་པུའུ་ཡིས་ཉིན་དེར་བསྟན་དོན། ཟླ་དྲུག་པའི་ཚེས་ཉེར་བཞིའི་ཉིན་ནས་བཟུང་རིག་གནས་བྱ་འགུལ་དང་ཡུལ་དངོས་ཀྱི་འཁྲབ་སྟོན་སླརགསོ་བྱེད་རྒྱུ་ཡིན་ཡང་། བྱ་འགུལ་ལ་ཞུགས་པའི་ལྟད་མོ་བའི་ཁ་གྲངས་དེ་སྤྱི་གྲངས་ཀྱི་བརྒྱ་ཆའི་དོན་ལྔར་ཚོད་འཛིན་བྱེད་དགོས་པར་མ་ཟད། སྐུད་ལམ་ནས་སྤ་སེ་ཕྱིར་འཚོང་བྱེད་པ་དང་ལྟད་མོ་བས་ཁ་ཐུམ་བརྒྱག་དགོས་ཟེར། 

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་སྤེལ་བའི་ནེ་ཀིའི་རྒྱུན་ལྡན་གྱི་གྲོས་ཚོགས་སྟེང་ཁྱབ་སྒྲོག་བྱས་དོན། སྲིད་གཞུང་གིས་ཡང་བསྐྱར་མེ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དགུའི་རོགས་སྐྱོར་མ་དངུལ་བཏང་ནས། རིམས་ནད་ལས་ཕམ་ཉེས་བྱུང་བའི་དཔལ་འབྱོར་ཐད་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར། 

དབྱི་སི་རལ་གྱི་འཕྲོད་བསྟེན་པུའུ་ཡི་གསལ་སྒྲོག་ལྟར་ན། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཟ་ཁང་དང་ཇ་ཁང་། ཆང་ཁང་། མཚན་མོའི་སྤྲོ་སྐྱིད་ཁང་། ཆུ་རྐྱལ་རྫིང་བུ་སོགས་ཚེས་ཉེར་བདུན་ཉིན་ནས་ཡང་བསྐྱར་སྒོ་འབྱེད་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།