ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ཕོར་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་ལྔ་བརྒྱ་དང་ཞེ་བརྒྱད་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སིང་ག་ཕོར་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་བཞི་ཉིན་བཤད་དོན། ཉིན་དེའི་དུས་ཚོད་བཅུ་གཉིས་བར་དུ་སིང་ག་ཕོར་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་ལྔ་བརྒྱ་དང་ཞེ་བརྒྱད་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་ཁྲི་གསུམ་དང་སྟོང་གཅིག་དྲུག་བརྒྱ་བཅུ་དྲུག་ལ་སླེབས། དྲག་སྐྱེད་བྱུང་བའི་ནད་པ་དགུ་བརྒྱ་དང་གོ་བཞི་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཁྲི་གཅིག་དང་སྟོང་བཞི་བརྒྱད་བརྒྱ་དོན་དྲུག་ལ་སླེབས་ཤིང་། བསྡོམས་པས་ནད་པ་ཉེར་གསུམ་རྐྱེན་ལམ་དུ་ཤོར།

གཞི་གྲངས་ལས་མངོན་པ་ལྟར་ན། འཕར་སྣོན་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་མང་ཤོས་ནི་གཅིག་བསྡུས་ཉལ་ཁང་དུ་སྡོད་པའི་ཕྱི་རྒྱལ་གྱི་ཞོར་ལས་བ་ཡིན་པ་དང་། ས་གནས་རང་གི་སྤྱི་དམངས་དང་ཡང་ན་ཡུན་རིང་གཏན་སྡོད་བྱེད་པའི་ནད་པ་གསུམ་ཡོད།

སིང་ག་ཕོར་འཕྲོད་བསྟེན་ཡིས་བཤད་དོན། འཕར་སྣོན་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པའི་ཁྲོད་ཀྱི་བརྒྱ་ཆའི་གོ་དགུ་དེ་རྩད་ཆོད་པའི་འགོས་ཁྱབ་ནད་པ་དང་འབྲེལ་བ་ཡོད། མིག་སྔར་ནད་པ་དྲུག་བརྒྱ་དང་དགུ་བརྒྱ་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་། མི་ཁྲི་གཅིག་དང་སྟོང་དྲུག་ཉེར་བདུན་གཞིས་ཁུལ་དུ་ལོགས་སུ་བཀར་ནས་ཞིབ་བཤེར་བྱེད་ཀྱིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།