ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ན་སྡོད་པའི་ཁོ་སི་ཐ་རི་ཁའི་གཞུང་ཚབ་ཆེན་མོས་དེང་སྐབས་ཀྱི་ལས་འགན་གཙོ་བོ་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་ལ་འགོག་རྒོལ་བྱེད་རྒྱུ་དེ་ཡིན་ཞེ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་ན་སྡོད་པའི་ཁོ་སི་ཐ་རི་ཁའི་གཞུང་ཚབ་ཆེན་མོ་ཏི་ཨར་ཅ་ཏོ་ཡིས་ཉེ་ལམ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་དོན། དེང་སྐབས་ཀྱི་ལས་འགན་གཙོ་བོ་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རྒྱུ་དེ་ཡིན། མཐུན་སྒྲིལ་རོགས་ལས་དང་མཉམ་འབྲེལ་སྒོས་རིམས་འགོག་བྱས་ན་ད་གཟོད་རིམས་ནད་འགོག་རྒོལ་ལས་རྣམ་པར་རྒྱལ་ཐུབ་པར་མ་ཟད་རིམས་ནད་ཀྱི་གནོད་འཚེ་སེལ་ཏེ་འཕེལ་རྒྱས་བགྲོད་ལམ་དུ་ཡང་བསྐྱར་ཞུགས་ཐུབ་ཟེར།

ཏི་ཨར་ཅ་ཏོ་ཡིས་བཤད་དོན། ཁོ་སི་ཐ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་ལེགས་ཤིང་ཉེ་བའི་ཟླ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས་འབྲེལ་འདྲིས་དང་བརྗེ་རེས་ལ་ཤུགས་བསྣན་ན་མ་འོངས་པར་མཉམ་ལས་སྣ་ཚོགས་དངོས་འབེབས་བྱེད་པར་ཕན་པ་ཆེན་པོ་ཡོད་ཟེར། ཁོས་བསྟན་དོན། རྒྱལ་ཁབ་སོ་སོས་རང་སྟེང་གི་དགོས་མཁོ་དང་འཕེལ་རྒྱས་ཀྱི་ནུས་པ་ལྟར་གྲོས་མོལ་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་ཁེ་ཕན་ཐོབ་ཏུ་འཇུག་དགོས་ཟེར།

ཏི་ཨར་ཅ་ཏོ་ཡིས་ད་དུང་ཀྲུང་གོས་དབུལ་ཐར་བྱེད་པའི་ཕྱོགས་སུ་གྲུབ་འབྲས་ཆེན་པོ་བླངས་པར་གཟེངས་བསྟོད་བྱས། ཁོས་བསྟན་དོན། ཀྲུང་གོས་ཡུན་རིང་དང་རྒྱུན་མཐུད་སྒོས་དབུལ་ཐར་བྱེད་པའི་འཆར་འགོད་བཟོས་པ་དེས་དབུལ་ཕོངས་ཀྱི་ཚད་ཆེས་དམའ་བར་བཏང་བ་དང་། ཀྲུང་གོའི་དབུལ་ཐར་བྱ་བའི་བྱེད་ཕྱོགས་ཡང་དག་པ་དང་དམིགས་འབེན་ཧ་ཅང་གསལ་བོ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་མཉམ་དུ་སྔར་ལས་བཟང་བོའི་འཚོ་བའི་ཆ་རྐྱེན་གསར་སྐྲུན་བྱེད་པ་དང་སྔར་ལས་མཛེས་པའི་མ་འོངས་གསར་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།